དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • འདྲ་པར་གཉིས་ལས་ལེ་དབར་སྟོང་གི་བརྩེ་བ་མཚོན་ཡོད།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བཅིངས་འགྲོལ་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཀུའུ་ཡུང་།   |     སྤེལ་དུས།  2025-02-15

    པར་①ནི་ཚའོ་ཝུན་ཅེ་ཡིས་བོད་རིགས་ཀྱི་ན་གཞོན་སྨན་པ་གསང་སྔགས་མཚོར(དཀྱིལ)སློབ་སྟོན་བྱེད་བཞིན་པ། ཧྲང་ཧའེ་གྲོང་ཁྱེར་ཅ་ཏིང་ཆུས་ལྟེ་བའི་སྨན་ཁང་གིས་མཁོ་འདོན་བྱས། པར་②ནི་འཛུམ་མདངས་རབ་ཏུ་འཕྱུར་བའི་བོད་རིགས་ཀྱི་གཞོན་ནུ་མ་ཡིན་པ། ཧྲང་ཧའེ་གྲོང་ཁྱེར་ཅ་ཏིང་ཆུས་ལྟེ་བའི་སྨན་ཁང་གིས་མཁོ་འདོན་བྱས། པར་③ནི་ཚའོ་ཝུན་ཅེ་ཡིས་འདྲ་པར་ནང་གི་གཏམ་རྒྱུད་བརྗོད་བཞིན་པ། བཅིངས་འགྲོལ་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ཧའེ་ཧྲ་ཨེར་གྱིས་པར་བརྒྱབ།

    ཧྲང་ཧའེ་གྲོང་ཁྱེར་ཅ་ཏིང་ཆུས་ལྟེ་བའི་སྨན་ཁང་གི་མིག་ནད་ཚན་ཁག་གི་ཀྲུའུ་རེན་ཚའོ་ཝུན་ཅེ་ཡི་གཞུང་ལས་ཁང་གི་སྒྲོག་ཙེའི་སྟེང་འདྲ་པར་གཉིས་བཞག་ཡོད་པ་སྟེ། གཅིག་ནི་འཛུམ་མདངས་རབ་ཏུ་འཕྱུར་བའི་བོད་རིགས་ཀྱི་གཞོན་ནུ་མ་ཞིག་ཡིན་པ་དང་། གཅིག་ཤོས་ནི་ན་གཞོན་བོད་རིགས་སྨན་པ་ཞིག་གིས་ནན་ཏན་གྱིས་ནད་པར་བརྟག་དཔྱད་བྱེད་བཞིན་ཡོད་པ་དེ་རེད།

    ཧྲང་ཧའེ་ཡི་སྨན་པ་ཞིག་བོད་རིགས་མང་ཚོགས་དང་ལས་དབང་ཟབ་མོ་དེ་འདྲ་ཡོད་དོན་གང་ཡིན་ཟེར་ན།

    2014ལོར། ཚའོ་ཝུན་ཅེ“འོད་ཟེར་བྱ་སྤྱོད”ཀྱི་དཔུང་ཁག་དང་མཉམ་དུ་དང་ཐོག་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་གཅིག་སྒྲིལ་རྫོང་དུ་སླེབས་ཡོད། དེ་གར་ས་མཐོའི་སྨུག་ཕྱིའི་འོད་ཤུགས་ཆེ་བ་དང་དེ་བཞིན་ས་གནས་དེ་གའི་མང་ཚོགས་ཀྱིས་མིག་ནད་ལ་བལྟོས་བཅས་ཀྱིས་ཤེས་རྟོགས་ཉུང་བ་སོགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་དབང་གིས་མིག་ནད་འབྱུང་ཚད་ཅུང་མཐོ་བ་ཡོད། བང་རིང་པོ་བསྒྲིགས་ནས་སྨན་བཅོས་བྱེད་རྒྱུར་སྒུག་པའི་མང་ཚོགས་ལ་ལྟ་བཞིན་ཚའོ་ཝུན་ཅེ་ཡིས“སླད་ཕྱིན་ང་ལོ་ལྟར་གཅིག་སྒྲིལ་རྫོང་དུ་ཡོང་ནས་ཁོང་ཚོར་འོད་ཟེར་སྦྱིན་རྒྱུ་ཡིན”ཞེས་སེམས་ཐག་བཅད་ནས་བཤད།

    ལས་ཀ་དེ་ལོ་11བསྟུད་མར་རྒྱུན་བསྐྱངས་ཤིང་། གཅིག་སྒྲིལ་རྫོང་དེ་ཉིད་ཚའོ་ཝུན་ཅེའི“ཕ་ཡུལ་གཉིས་པར”གྱུར་ཡོད། ཚའོ་ཝུན་ཅེས་རང་ཉིད་ཀྱིས་གཤགས་བཅོས་བྱེད་མཁན་གཙོ་བོ་བྱས་ནས་སྐྱ་འགྲིབ་སོགས་ཀྱི་གཤགས་བཅོས་ཐེངས་500ལྷག་ཙམ་བྱས་པར་ཕན་འབྲས་བཟང་པོ་ཐོན་ཡོད། “ངས་དགའ་ཤོས་བྱེད་པའི་དུས་ནི་ནད་པས་རྨ་རས་དཀྲོལ་བའི་དུས་དེ་ཡིན། དེ་ནི་ཆེས་ཡིད་དབང་འཕྲོག་པའི་རྣམ་པ་ཞིག་རེད་ཅེས་བརྗོད་ཆོག”

    ཚའོ་ཝུན་ཅེ་ཡིས“ཉ་སྟེར་བ་ལས་ཉ་འཛིན་སྟངས་སློབ་པ་དགའ”སྙམ་ནས། ལོ་འདི་དག་རིང་ཁོང་གིས་སེམས་ནུས་གང་ཡོད་ཀྱིས་བསླབ་སྟོན་བྱས་ཏེ་གཅིག་སྒྲིལ་རྫོང་མི་དམངས་སྨན་ཁང་དུ་མིག་ནད་ཚན་ཁག་གི་སྨན་པ་ཐོག་མ་གསང་སྔགས་མཚོ་བསྐྱངས་ནས་ས་གནས་དེ་གའི་མིག་ནད་ཚན་ཁག་གི་སྨན་བཅོས་ཆུ་ཚད་མཐོ་རུ་འགྲོ་བར་རམ་འདེགས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།