དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དང་པོའི་བཅོ་ལྔའི་དུས་ཆེན་མཚན་ཚོགས་ཀྱི་དིང་རིའི་ཡོམ་ཁུལ་གྱི་གྲོགས་པོ་ཆུང་ཆུང་ཚོའི་ལག་བྲིས་རི་མོའི་རྒྱབ་ཀྱི་གཏམ་རྒྱུད།

    དཀའ་ངལ་གྱི་མདུན་དུ་ལག་གདང་སྦྲེལ་ནས་ཞུམ་མེད་མདུན་སྐྱོད་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  མ་ཞའོ་ཡན། བསྟན་འཛིན་དགའ་བ།   |     སྤེལ་དུས།  2025-02-15

    འདི་ནི་དིང་རི་རྫོང་གྲམ་མཚོ་ཤང་དགའ་ལྡན་གྲོང་ཚོའི་ཕྲུ་གུ་ཚོས་རང་ཉིད་ཀྱིས་བྲིས་པའི་རི་མོ་སྟོན་བཞིན་པ།

    ཟླ་2ཚེས་12ཉིན་ནི་ལུགས་རྙིང་ལོའི་དང་པོའི་བཅོ་ལྔའི་དུས་ཆེན་ཡིན་ཞིང་། ཉིན་དེའི་མཚན་མོར་བསྟན་པའི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི《2025ལོའི་དང་པོའི་བཅོ་ལྔའི་དུས་ཆེན་མཚན་ཚོགས》ཀྱི་ལྷ་ས་ཡན་ལག་ཚོགས་རར་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ཡོམ་ཁུལ་གྱི་གྲོགས་པོ་ཆུང་ཆུང་ཚོའི་ལག་བྲིས་རི་མོ་བསྟན་ཡོད། རི་མོ་དེ་དག་ནི་དིང་རི་རྫོང་གྲམ་མཚོ་ཤང་དགའ་ལྡན་གྲོང་ཚོའི་ཕྲུ་གུ་ཚོས་བྲིས་པ་ཤེས་རྗེས་གསར་འགོད་པ་རླངས་འཁོར་ལ་བསྡད་དེ་དགའ་ལྡན་གྲོང་ཚོར་བསྐྱོད་པ་ཡིན།

    དགའ་ལྡན་གྲོང་ཚོར་འབྱོར་སྐབས། ཀྲུང་གོ་ཚན་རིག་ཁང་སེམས་ཁམས་ཞིབ་འཇུག་སུའོ་ཡི་འཕྲལ་སྡོམ་སེམས་ཁམས་རོགས་སྐྱོབ་རུ་ཁག་དང་ཀྲུང་གོ་སྤྱི་ཚོགས་མཉམ་འབྲེལ་ལྷན་ཚོགས་སྤྱི་ཚོགས་སེམས་ཁམས་ཞབས་ཞུ་ཚོགས་པའི་དང་བླངས་པ་ཚོས“དྲོ་སྐྱིད་ལྡན་པའི་ཁང་ཆུང”ནང་གྲོགས་པོ་ཆུང་ཆུང་ཚོ་ཁྲིད་ནས་རི་མོ་འབྲི་བཞིན་འདུག ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དང་པོའི་བཅོ་ལྔའི་དུས་ཆེན་མཚན་ཚོགས་ཀྱི་ལྷ་ས་ཡན་ལག་ཚོགས་རར་གྲོགས་པོ་ཆུང་ཆུང་པ་སངས་བུ་ཁྲིད་དང་ཉི་མ་གཉིས་ཀྱི་ལག་བྲིས་རི་མོ་བསྟན་པས་ཚང་མ་ཧ་ཅང་དགའ་པོ་བྱུང་ཡོད།

    ཁོང་གཉིས་ཀྱི་རི་མོའི་སྐོར་འདྲི་སྐབས་ལོ་12ལ་སླེབས་པའི་པ་སངས་བུ་ཁྲིད་ཀྱིས་རི་མོའི་ནང་གི་བུ་མོ་ཆུང་ཆུང་དེས་ང་ཚོ་དིང་རིའི་གྲོགས་པོ་ཆུང་ཆུང་མཚོན་གྱི་ཡོད། ངས་རང་ཉིད་ཀྱི་ད་ལྟའི་འཚོ་བའི་སྐོར་འབྲི་འདོད་བྱུང་། གེགས་ཁུལ་གྱི་གྲོགས་པོ་ཆུང་ཆུང་ཚོ་ཉིན་ལྟར་ལུས་བདེ་སེམས་སྐྱིད་དང་བྱ་བ་ལམ་ལྷོངས་ཡོང་བའི་རེ་བ་ཡོད་ལ། རྒྱལ་ཡོངས་ཀྱི་གྲོགས་པོ་ཆུང་ཆུང་ཚོའང་ང་ཚོར་སེམས་ཁྲལ་བྱེད་དགོས་མེད། ང་ཚོ་འདི་གར་འཚོ་བ་སོགས་གང་ཅིའི་ཐད་ཡག་པོ་འདུག་ཅེས་བཤད། ཉི་མས་ངས་བྲིས་པ་ནི་རང་ཉིད་ཀྱི་ཁྱིམ་ཡིན། ང་ནང་མི་དང་། ཕ་ཡུལ། མེས་རྒྱལ་བཅས་ལ་དགའ་པོ་ཡོད། ཁྱེད་ཚོ་ཡོད་པས་ད་ནས་བཟུང་ཞེད་སྣང་བྱེད་དགོས་མེད་ཅེས་བཤད།

    ད་ཐེངས་ཀྱི་ས་ཡོམ་ཁྲོད་དགའ་ལྡན་གྲོང་ཚོར་གནོད་འཚེ་ཚབས་ཆེ་ཙམ་ཕོག་ཅིང་། ཡུལ་མི་མང་ཆེ་བའི་ཁང་པ་བརྡིབས་ཡོད། ས་ཡོམ་ལས་བྱིས་པ་ཆུང་ཆུང་ཚོའི་སེམས་ཁམས་ལ་ཕོག་ཐུག་བྱུང་བ་སེལ་ཆེད། ཀྲུང་གོ་ཚན་རིག་ཁང་སེམས་ཁམས་ཞིབ་འཇུག་སུའོ་འཕྲལ་སྡོམ་སེམས་ཁམས་རོགས་སྐྱོབ་རུ་ཁག་དང་ཀྲུང་གོ་སྤྱི་ཚོགས་མཉམ་འབྲེལ་ལྷན་ཚོགས་སྤྱི་ཚོགས་སེམས་ཁམས་ཞབས་ཞུ་ཚོགས་པའི་དང་བླངས་པ་དང་གྲམ་མཚོ་ཤང་ཆ་ཚང་སློབ་ཆུང་གི་དགེ་རྒན་གྱིས་ཆེད་ལས་ཀྱི་སེམས་ཁམས་བདེ་ཐང་སློབ་གསོའི་ཤེས་བྱ་སྤྱད་དེ། ཕྲུ་གུ་ཚོར་སེམས་གསོ་ཁྲིད་སྟོན་དང་སེམས་ཁམས་རྒྱབ་སྐྱོར་སོགས་ཀྱི་ཞབས་འདེགས་ཞུས་ཤིང་། དང་བླངས་པ་ཡོན་ཤིན་གྱིས“ད་ལྟ་ཕྲུ་གུ་དེ་དག་སྔར་བཞིན་གྲུང་ཤ་དོད་པ་མཐོང་སྐབས་དགའ་པོ་བྱུང་། ད་ཐེངས་ཀྱི་ས་ཡོམ་ནང་ཁོང་ཚོར་ཕོག་ཐུག་ཆེན་པོ་བྱུང་ཡོད། ང་ཚོས་རི་མོ་སོགས་སྒྱུ་རྩལ་གྱི་སྨན་བཅོས་བྱེད་ཐབས་ལ་བརྟེན་ནས་ཁོང་ཚོའི་ནང་སེམས་ཀྱི་གནོན་ཤུགས་རིམ་བཞིན་ཆུང་དུ་གཏོང་ཐབས་བྱེད་ཀྱི་ཡོད་ལ། བརྩེ་སེམས་ཟབ་མོ་དང་ངང་རྒྱུད་རིང་པོས་ས་ཡོམ་ལས་ཁོང་ཚོར་བྱུང་བའི་སེམས་ཀྱི་ཕོག་ཐུག་ཀྱང་སེལ་ཐབས་བྱེད་ཀྱི་ཡོད”ཅེས་བཤད།

    སློབ་ཚན་གྲོལ་རྗེས་ཕྲུ་གུ་བུ་ཚོ་ས་སྟོང་དུ་རྐང་རྩེད་སྤོ་ལོ་རྩེ་འགོ་ཚུགས། དང་བླངས་པ་ལི་ཞའོ་ཅིང་གིས་གསར་འགོད་པར་དགའ་ལྡན་གྲོང་ཚོར་ན་གཞོན་རྐང་རྩེད་སྤོ་ལོའི་རུ་ཁག་ཅིག་ཡོད། དེ་ནི་གནོད་འཚེ་ཕོག་རྗེས་ཕྲུ་གུ་ཚོས་རང་འགུལ་ངང་བཙུགས་པ་ཞིག་རེད་ཅེས་བཤད། དང་བླངས་པས་ཕྲུ་གུ་ཚོར་སེམས་གསོ་ཁྲིད་སྟོན་བྱེད་པའི་བརྒྱུད་རིམ་ནང་ཕྲུ་གུ་ཚོར་རྐང་རྩེད་སྤོ་ལོ་རག་རྒྱུའི་འདུན་པ་ཞིག་ཡོད་པ་ཤེས་རྟོགས་བྱུང་རྗེས་ཁོང་ཚོར་རྐང་རྩེད་སྤོ་ལོ་ཞིག་ཉོས་པ་དང་། དེ་ནས་ཕྲུ་གུ་ཚོར་ཁོང་ཚོ་རང་ཉིད་ཀྱི་རྐང་རྩེད་སྤོ་ལོ་ཐང་སྐྲུན་ཡུལ་འདེམས་པ་དང་། སྤོ་ལོའི་སྒོ་བཟོ་བ། རུ་ཁག་གི་མིང་འདོགས་པ། རུ་ཁག་གི་དར་ཆ་ཇུས་འགོད་བྱེད་པ་སོགས་ལ་ཁྲིད་སྟོན་ཡང་བྱས་ཡོད། ཕྲུ་གུ་ཚོས་རང་ཉིད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་ལ“ཞུམ་མེད་མདུན་སྐྱོད”ཅེས་མིང་བཏགས། དཀའ་ངལ་གྱི་མདུན་དུ་ཞུམ་མེད་མདུན་སྐྱོད་བྱེད་ཐུབ་རྒྱུ་ནི་ཕྲུ་གུ་ཚོའི་རེ་འདུན་རེད་ལ་ང་ཚོ་ཚང་མའི་རེ་བའང་ཡིན། དཔྱིད་གསར་དུས་ཆེན་གོང་དུ་དགའ་ལྡན་གྲོང་ཚོའི་བྱིས་པའི་རྐང་རྩེད་སྤོ་ལོའི་རུ་ཁག་དང་ཆུ་ལྷོ་ཤང་མཚོ་སྔ་གྲོང་ཚོའི་བྱིས་པའི་རྐང་རྩེད་སྤོ་ལོའི་རུ་ཁག་གིས་ད་དུང་ལོ་གསར་གྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་གཅིག་བྱས་པ་རེད།

    སེམས་སྡུག་སངས་ནས་དྲོ་སྐྱིད་ཉི་འོད་བསྐྱར་དུ་འཕྲོ་ངེས། ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་ཀྱི་རོགས་སྐྱོར་འོག མིག་སྔར་གནོད་འཚེ་ཕོག་པའི་མང་ཚོགས་ཚང་མ་དྲོ་སྐྱིད་ལྡན་པའི་ཁང་པའི་ནང་བསྡད་ཡོད་པ་དང་། ཐོན་སྐྱེད་དང་འཚོ་བ་རིམ་བཞིན་སླར་གསོ་ཡོང་བཞིན་ཡོད།

    པ་སངས་བུ་ཁྲིད་ཀྱི་ཨ་མ་ལྷ་མོས་རྒྱལ་ཁབ་ཀྱིས་ཚང་མར་དྲོ་ཞིང་སྐྱིད་པའི་སྡོད་ས་བཟོས་པ་མ་ཟད། ད་དུང་ཟས་གོས་ཀྱང་སྤྲད་པས་ད་ཆ་སེམས་ཁྲལ་གང་ཡང་མེད་ལ་སེམས་པའང་ཧ་ཅང་སྐྱིད་པོ་འདུག་ཅེས་བཤད། ཁོ་མོ་དང་ཡུལ་མི་ཚོས་ཉིན་ལྟར་ཞིག་རོ་གཙང་སེལ་བྱས་ནས་སྔ་ཙམ་ཁང་པ་གསར་པའི་ནང་སྡོད་རྒྱུ་ཡོང་བའི་རེ་བ་འཆང་བཞིན་ཡོད།

    འབྱུང་འགྱུར་གྱི་འཚོ་བའི་ཐད་ལྷ་མོས“ཏང་དང་། རྒྱལ་ཁབ། རྒྱལ་ཡོངས་མི་དམངས་བཅས་ཀྱིས་སེམས་ཁུར་དང་རོགས་རམ་གནང་གི་ཡོད་པས་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་ངེས་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།