དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྐབས་གཉིས་པའི་རང་སྐྱོང་ལྗོངས་ཀྱི“མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པའི་མཉམ་སྡེབ”ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་སྤྱི་བདེ་ཅུས་གནམ་མཚོ་ཤང་མངགས་གཏོང་ཁང་།

    གནམ་མཚོའི་འགྲམ་གྱི་ལྟ་སྲུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-15

    འདམ་གཞུང་རྫོང་ནི་ལྷ་ས་གྲོང་ཁྱེར་གྱི་ཁོངས་སུ་གཏོཌ་པའི་ས་བབ་མཐོ་ཤོས་དང་གནམ་གཤིས་ཀྱི་ཁོར་ཡུག་ཞན་ཤོས་ཀྱི་རྫོང་ཞིག་ཡིན་པ་དང་། ལྷག་པར་དུ་གནམ་མཚོ་ཤང་ནི་འདམ་གཞུང་རྫོང་གི་ས་བབ་མཐོ་ཤོས་དང་དཀའ་ཚེགས་ཆེ་ཤོས་ཀྱི་ཤང་ཞིག་རེད། གནམ་མཚོ་དེ་ཉིད་ཤང་དེའི་ཁོངས་སུ་གནས་པ་དང་། ཆ་སྙོམས་ལ་ས་བབ་མཐོ་ཚད་སྨི་4800ཟིན་གྱི་ཡོད། འདི་གར་ལོར་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་5དང་གནམ་གཤིས་གྲང་ཤོས་ཀྱི་ཟླ་བར་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་30ཟིན་པ་མ་ཟད། དབྱར་སྟོན་གཉིས་ལ་དུས་ཡུན་ཟླ་བ་གཉིས་ལྷག་ཙམ་ཡོད་པ་ཕུད། དེ་བྱིངས་ཚང་མར་དགུན་ཁའི་གནམ་གཤིས་ཡིན་པ་དང་ལོ་འཁོར་མོར་གྲང་རླུང་ལྡང་ཞིང་གངས་ཡང་སེ་འབབ་ཀྱི་ཡོད།

    ས་བབ་མཐོ་ཡང་གོ་རྟོགས་དེ་བས་མཐོ། གནམ་མཚོ་ཤང་མངགས་གཏོང་ཁང་ལ་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་14ཡོད། དམག་འཐབ་དྲག་པོ་རྒྱག་ཕོད་པ་དང་དམག་འཐབ་ལ་རྒྱལ་ཁ་ལེན་ཕོད་པའི་ཉེན་རྟོག་པའི་དཔུང་ཁག་དེས་གནམ་མཚོ་ཤང་མངགས་གཏོང་ཁང་དུ་ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་འཛུགས་སྐྱོང་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ་དང་། ཏང་གིས་ཏང་ལ་དོ་དམ་དང་ཉེན་རྟོག་ནན་པོས་སྐྱོང་བ་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱས་པའི་བསམ་བློ་ཆབ་སྲིད་ཀྱི་ལས་དོན་དང་ལས་སྒོར་མཉམ་དུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། སྦྱོང་བརྡར་གྱིས་དམག་འཐབ་ཀྱི་ཚབ་བྱེད་པ་དང་སྦྱོང་བརྡར་དང་དམག་འཐབ་ཟུང་འབྲེལ་བྱས་ནས་སློབ་སྦྱོང་གི་གཡུལ་ས་གསར་པ་ཞིག་བཏོད་ཡོད། གཞན་ཡང་བྱེད་སྟངས་སྣ་ཚོགས་ལ་བརྟེན་ནས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་སྒྲིག་འཛུགས་ཀྱིས་སློབ་སྦྱོང་གི་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་སྦྲགས། ཏང་ཀྲི་པུའི་སློབ་སྦྱོང་ཚོགས་པ་བཙུགས་ནས་ཉིན་ལྟར་དུས་ངེས་མེད་དུ་སློབ་སྦྱོང་གི་དཔྱད་གཞི་མཉམ་སྤྱོད་ཀྱིས་དུས་ཚོད་ཡོད་རིམ་བཞིན་སྐབས་བསྟུན་ངང་བེད་སྤྱད་དེ། ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པའི“འཇོན་ཐང་བརྒྱད”དང་། “ནུས་པ་བདུན” “ཆབ་སྲིད་ཀྱི་ནུས་པ་གསུམ”བཅས་ཕྱོཌ་ཡོངས་ནས་མཐོ་རུ་བཏང་ཞིང་། སློབ་སྦྱོང་ལ་བརྟེན་ནས་བསམ་བློར་སྐུལ་འདེད་དང་། སློབ་སྦྱོང་ལ་བརྟེན་ནས་བྱ་སྤྱོད་ལ་སྐུལ་འདེད། སློབ་སྦྱོང་ལ་བརྟེན་ནས་ལས་སྒྲུབ་ལ་སྐུལ་འདེད་བཅས་ཡོང་བའི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད།

    མིག་སྔའི་བར། གནམ་མཚོ་ཤང་མངགས་གཏོང་ཁང་གིས་ལ་དུག་ཚབས་ཆེན་ཕོག་པའི་ཡུལ་སྐོར་བ་180ལྷག་ཙམ་ལ་དུས་ཐོག་ཏུ་རོགས་སྐྱོབ་དང་། ཉེན་གྱར་མང་ཚོཌ་6000ལྷག་ཙམ་བསྐྱབས་ནས་གདོང་ལེན་དཔེ་བཟང་གི་ནུས་པ་ཏན་ཏིག་བཏོན་ཏེ། “གང་དུ་ང་ཚོ་དགོས་མཁོ་ཡོད་ན། འདི་གར་ཏང་དར་དམར་པོ་ལྷབ་ལྷུབ་ཏུ་གཡོ་བར་བྱས་ཡོད”

    གནམ་མཚོ་ཤང་མངགས་གཏོང་ཁང་གི་རིམ་པ་བཞི་པའི་ཉེན་རྟོག་དཔོན་སྐལ་བཟང་ཕུན་ཚོགས་ཀྱིས། “དུས་རྒྱུན་ལས་ཀ་བྱེད་མང་ཤོས་ནི་ཡུལ་སྐོར་བ་དང་འབྲེལ་འདྲིས་བྱེད་པ་དེ་ཡིན་པས། རོགས་སྐྱོབ་ཀྱི་ལས་འགན་ཐོན་ཚེ་ཕྱིར་འཐེན་བྱེད་མྱོང་གཏན་ནས་མེད། མ་གཞི་ས་བབ་མཐོ་བ་དང་གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་བྱས་པར་ལོ་ལྟར་གོས་དར་དང་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་བཅུ་གྲངས་ཁ་ཤས་འབྱོར་དུས་སེམས་པ་ཧ་ཅང་སྐྱིད་པོ་འདུག”ཅེས་བཤད།

    གནམ་མཚོ་ཤང་མངགས་གཏོང་ཁང་གིས་ད་དུང་ཁོ་ཚོ་གནས་སའི་ས་བབ་མཐོ་ཚད་ལ་གཞིགས་ནས་མིང་བཏགས་པའི་ཏང་འཛུགས་སྐྱོང་གི་སྤུས་རྟགས“4840ཏང་ཀྲི་པུའུ”གསར་དུ་བཏོད་དེ། “འགན་འཁྲིར་བརྟེན་ནས་ཁོར་ཡུག་གི་དཀའ་ངལ་ཁྱད་བསད་དང་། འགན་འཁྲི་འཁུར་སེམས་ལ་བརྟེན་ནས་ལྷག་བསམ་ལ་འགྲེལ་བཤད”བརྒྱབ་ཅིང་། “དེ་བས་མཐོ་བ་བཞི”འཛུགས་གཏོད་ཀྱི་ཚད་གཞི་དང་འཛུཌ་གཏོད་ཀྱི་བྱེད་ཐབས“དོན་ཚན་བརྒྱད”དང“མེད་པ་བཞི”དམིགས་ཚད་དུ་བྱས་ཏེ། གཞི་རིམ་གྱི་ཏང་རྩ་འཛུགས་འདི་ཉིད་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། བརྟན་ལྷིང་སྲུང་སྐྱོང་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པ། མཐའ་སྟོབས་མཐའ་བརྟན་ཡོང་བ་བཅས་ཀྱི་དམག་འཐབ་ཀྱི་མཁར་རྫོང་བརྟན་པོ་ཞིག་ཏུ་འགྱུར་བར་བྱས་ཡོད།

    མང་ཚོཌ་དང་ཡུལ་སྐོར་བས་རང་འགུལ་ངང་མངགས་གཏོང་ཁང་ལ་གོས་དར་60ལྷག་ཙམ་དང་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་50ལྷག་ཙམ་བསྐྱལ་བ་དང་། མངགས་གཏོང་ཁང་གིས་ཐུཌ་རྗེ་ཆེ་ཞུ་བའི་ཁ་པར་ཐེངས་100ལྷག་ཙམ་བླངས་ཡོད། མཛེས་སྡུག་ལྡན་པའི་གནམ་མཚོ་དང་སེམས་རྩ་འཁོལ་བའི་རོགས་སྐྱོབ་ཞབས་འདེགས་ལས། གནམ་མཚོ་ཤང་མངགས་གཏོང་ཁང་འདི་ཉིད་རྒྱ་ཆེའི་ཡུལ་སྐོར་བས་རྒྱུས་མངའ་ཆེ་ཤོས་དང་བློས་འགེལ་ཤོས་བྱ་ཡུལ་དུ་གྱུར་ཡོད།

    ཆ་སྙོམས་ལོ་ཚད་35ཡང་མ་ཟིན་པའི་ན་གཞོན་དཔུང་ཁག་དེའི་ལས་དོན་པ་རྣམས་ས་མཐོའི་སྨུག་ཕྱིའི་འོད་ལྷག་པར་ཆེ་བ་དང་གྲང་རླུང་རབ་ཏུ་ལྡང་བའི་དབང་གིས་ན་མཉམ་གཞན་དང་བསྡུར་ཚེ་ཁོང་ཚོ་རྒས་ཉམས་ཆེ་ནའང་། གནམ་མཚོ་ཤང་མངགས་གཏོང་ཁང་གི་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་མཐུན་སྒྲིལ་ཡར་བརྩོན་གྱི་མཉམ་སྡེབ་ཆུང་ངུའི་ཁྲོད་མི་རེ་ངོ་རེས་རང་ཉིད་ཀྱི་འགན་འཁྲི་སྒྲུབ་བཞིན་ཡོད། ཁོང་ཚོར་གནམ་ས་གཡོ་བ་དང་མི་སེམས་མགུ་བའི་བྱས་རྗེས་མེད་ལ། ཁ་ཕོ་དང་སྒྲོབ་ཉམས་ཆེ་བའི་ང་རྒྱལ་མེད་ནའང་། ཁོང་ཚོར་ཡོད་པ་ནི་གནོང་འགྱོད་མེད་པར་ཁུ་སིམ་མེར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དེ་ཡིན། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།