དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • 2024ལོར་བོད་རང་སྐྱོང་ལྗོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས་18.3%འཕར་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-02-14

    ཉིན་ཤས་གོང་གསར་འགོད་པས་བོད་ཀྱི་དཔལ་འབྱོར་དང་ཆ་འཕྲིན་ཅན་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། 2024ལོར་བོད་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་ལས་སྒོ་གཙོ་བོར་དམིགས་པ་དང་འགག་སྒྲོལ་དཀའ་སེལ་བྱས་པས། བོད་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་རིན་ཐང་འཕར་མ་དུས་མཚུངས་ལས་18.3%འཕར་ནས་རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས་12.5མཐོ་བ་བྱུང་སྟེ། རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ལྗང་མདོག་བཟོ་ལས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་དུང་ཕྱུར་161བྱས་པ་དེ་དུས་མཚུངས་ལས་24.4%འཕར་ཡོད། བོད་རང་སྐྱོང་ལྗོངས་དང་གྲོང་ཁྱེར་དང་ས་ཁུལ་ཁག་གི་གྲངས་གཞི་ཆེན་པོའི་ལྟེ་གནས་བསྐྲུན་ནས་གཉེར་སྐྱོང་བྱས་པ་དང་5Gདྲ་རྒྱ་ཤང་དང་གྲོང་རྡལ་ཚང་མ་དང་སྲིད་འཛིན་གྲོང་ཚོ་70%ལ་ཁྱབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་བོད་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་བཟོ་ལས་དང་ཆ་འཕྲིན་ཅན་པུའི་བོད་ཀྱི་ཨར་འདམ་རྒྱུ་ཆ་ལྗོངས་ནང་ཁུལ་གྱི་ཐོན་ནུས་ལ་1བསྡུར་1གི་བརྗེ་རེས་བྱེད་པའི་དམིགས་བསལ་རྒྱབ་སྐྱོར་བདེ་བླག་ངང་བརྩོན་ལེན་བྱས་ཏེ། དཔའ་ཤོད་ཧའེ་ལུའོ་ཡི་ཨར་འདམ་རྒྱུ་ཆ་ཐོན་ནུས་ཏུན་ཁྲི་15བརྗེ་རེས་བྱས་ནས་ཨར་འདམ་དང་རྡོ་ཆས་ཐོན་ལས་ཀྱི་བཀོད་ཇུས་ལེགས་སུ་གཏོང་བར་ཚན་རིག་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་ཡོད།

    དེ་དང་ཆབས་ཅིག ལྗང་མདོག་སྒུལ་ཤུགས་ཀྱིས་འཕེལ་རྒྱས་ལ་རྨང་གཞི་བཏིང་ནས་རྒྱལ་ཁབ་རིམ་པའི་ལྗང་མདོག་བཟོ་གྲྭ་1དང་། ལྗང་མདོག་བཟོ་ལས་གླིང་1 བོད་རང་སྐྱོང་ལྗོངས་རིམ་པའི་ལྗང་མདོག་བཟོ་གྲྭ་8 ལྗང་མདོག་མཁོ་སྤྲོད་འཁོར་འབྲེལ་དོ་དམ་ཁེ་ལས་2 ལྗང་མདོག་བཟོ་ལས་གླིང་1བཅས་ངོས་འཛིན་གཏན་འཁེལ་བྱས་ཡོད། བཟོ་ལས་ཁྱབ་ཁོངས་ཀྱི་ཆུ་གྲོན་ཆུང་རྣམ་པའི་ཁེ་ལས་4གསར་འཛུགས་བྱས་པ་དང་ལྗང་མདོག་ཨར་སྐྲུན་རྒྱུ་ཆ་ཐོན་སྐྱེད་ཀྱི་རྐང་འཛིན་ཁེ་ལས་4སྐྱེད་སྲིང་བྱས་ཡོད། ཨར་འདམ་ཁེ་ལས་9དང་གྲངས་གཞིའི་ལྟེ་གནས་5ལ་ནུས་རྒྱུ་གྲོན་ཆུང་གི་ལྟ་ཞིབ་བྱས་པ་དང་བཟོ་ལས་ཁེ་ལས་40ལ་ནུས་རྒྱུ་གྲོན་ཆུང་གི་བརྟག་དཔྱད་བྱས་ཡོད། མིག་སྔར། གཙོ་གནད་ཐོན་ལས་གླིང་13གྱི་བཟོ་ལས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་97ཟིན་པ་དེ་དུས་མཚུངས་ལས་0.8%འཕར་ཡོད།

    གཞན་ཡང་། གྲངས་འཛིན་རྨང་གཞིའི་འཛུགས་སྐྲུན་དེང་རབས་ཅན་ལ་སྐུལ་འདེད་བཏང་ཞིང་། 5Gཡི་སྦྲེལ་ཚུགས་7035(བོད་ཏུ་རིམ་རྩིས་བྱས་ན་17102བསྐྲུན་ཟིན་པ)གསར་དུ་བསྐྲུན་པ་དང་མི་ཁྲི་རེར་5Gསྦྲེལ་ཚུགས་སྤྱོད་པའི་གྲངས་འབོར་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་གྲངས་འབོར་ལས་17.5ཡིས་མཐོ་བ་ཡོད། བོད་རང་སྐྱོང་ལྗོངས་ཀྱི་གྲངས་གཞི་ཆེན་པོའི་ལྟེ་གནས(བོད་ལྗོངས་སྒུལ་བདེ)དང་། ཉིང་ཁྲིའི་གྲངས་གཞི་ཆེན་པོའི་ལྟེ་གནས། གྲོང་ཁོངས་གནོད་འཚེའི་གྲ་སྒྲིག་ལྟེ་གནས(བོད་ལྗོངས་གློག་འཕྲིན)བཅས་ལ་རིགས་Aཡི་བདེན་དཔང་ར་སྤྲོད་ཐོབ་ནས་བོད་དུ་Aརིམ་པའི་འཕྲུལ་ཁང་མེད་པའི་ལོ་རྒྱུས་མཇུག་འགྲིལ་ཡོད། གློག་རྡུལ་སྲིད་དོན་གྱི་ཕྱིའི་དྲ་ཚུགས་ཀྱི་འབྲེལ་མཐུད་བྱེད་ས་7289ཡོད་པ་དེ་དག་གི་སྦྲེལ་མཐུད་འགན་ལེན་ཐུབ་ཚད་99%ཡན་ཟིན་ནས་དྲ་རྒྱའི་གཤོང་ཚད་ཆེ་རུ་གཏོང་རྒྱུ་ལེགས་གྲུབ་ཐུབ་ཡོད། སྲུང་སྐར་ཐོན་ཁུངས་དཔེ་སྟོན་ཉེར་སྤྱོད་ལས་གྲྭའི་རྣམ་གྲངས་ལས་འགོ་བཙུགས་ནས་བསྐྲུན་པ་དང་། མཐོ་གསར་གྲངས་འཛིན་ཐོན་ལས་ལ་མ་འཇོག་སྒོར་དུང་ཕྱུར་25.48བྱས་ཡོད། ཐོན་ལས་གྲངས་འཛིན་ཅན་ལ་གང་མགྱོགས་ཕྱོགས་སྒྱུར་བྱས་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་བཟོ་ལས་དྲ་སྦྲེལ་སྤྱི་པའི་ཞབས་ཞུའི་ལས་སྟེགས་བསྐྲུན་ནས་འཁོར་སྐྱོད་བྱས་པ། བོད་དུ་ཅན་གཉིས་ཀྱི་མཉམ་འདྲེས་ཚད་གཞི་ལག་བསྟར་དོན་འཁྱོལ་བྱས་པའི་ཁེ་ལས་117ཡོད་པ། གྲངས་འཛིན་ཅན་ཕྱོགས་སྒྱུར་གྱི་རྐང་འཛིན་ཁེ་ལས་5བདེན་དཔང་ར་སྤྲོད་བྱས་པ། རིམ་རྩིས་བརྒྱབ་ན་5Gཉེར་སྤྱོད་རྣམ་གྲངས་60སྐྱེད་སྲིང་བྱས་པ་བཅས་རེད། གྲངས་འཛིན་ཐོན་ལས་ཅན་མགྱོགས་པོ་འཕེལ་རྒྱས་ཕྱིན་པ་དང་། རིམ་རྩིས་བརྒྱབ་ན་གྲངས་འཛིན་དཔལ་འབྱོར་ཁེ་ལས་2754ཐོ་འགོད་བྱས་པ་དང་ཁེ་ལས་91གསར་འཕར་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།