བོད་ལྗོངས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་དམངས་ལ་ཕན་པ་ཤུགས་ཆེན་ཐོབ་པ།
ཉེ་ཆར། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། 2024ལོར་བོད་ལྗོངས་རིག་གནས་སྡེ་ཚན་གྱིས“གསར་རྩོམ་འཁྲབ་སྟོན་ཁྱབ་གདལ”གཞི་གཅིག་ཅན་གསར་གཏོད་ལག་ལེན་བསྟར་བས། སྤུས་ཚད་མཐོ་བའི་རིག་རྩལ་སྤུས་རྟགས་གཅིག་རྗེས་གཉིས་མཐུད་ངང་ཐོན་པ་དང་། རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མི་རིགས་ཁག་གི་མང་ཚོགས་ལ་དེ་བས་དྲང་གཞག་ངང་ཕན་པ་ཐོབ་ཡོད། ལྷག་པར་དུ། གསར་གཏོད་བྱས་ནས་བཏོན་པའི“སྐལ་བཟང་མེ་ཏོག”གི་འཁྲབ་སྟོན་དུས་ཚིགས་དེ་བོད་ཀྱི་རིག་གནས་ཁྱབ་ཁོངས་ཀྱི་བཀྲག་མདངས་ཆེ་བའི་རྣམ་གྲངས་ཤིག་ཏུ་གྱུར་ནས། ལོ་ཧྲིལ་པོར་དྲ་ཐོག་དང་དྲ་ཕྱིར“ང་ཚོའི་དུས་ཆེན”དང“དུས་ཚིགས་བཞིའི་གྲོང་ཚོའི་མཚན་ཚོཌ”སོཌ་རིག་གནས་ཀྱི་དམངས་ཕན་བྱེད་སྒོ་སྣ་ཚོགས་ཐེངས་ཁྲི་12ལྷག་ཙམ་སྤེལ་བས་མང་ཚོགས་མི་ཐེངས་ཁྲི་1800ལྷག་ཙམ་ལ་ཕན་པ་ཐོབ་ཡོད།