དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རིག་གནས་དར་སྤེལ། སྤེལ་རེས་ལ་སྐུལ་འདེད། མི་སེམས་གཅིག་སྒྲིལ། འཕེལ་རྒྱས་ལ་རམ་འདེགས།

    ——— རྣམ་གླིང་རྫོང་གི་དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་སྐྱེ་ཁམས་དང་རིག་གནས་ཡུལ་སྐོར་ཉམས་ལེན་གཟའ་འཁོར་གྱི་རིམ་སྤེལ་བྱེད་སྒོའི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-14

    འདི་ནི་ཚོང་འདུས་འཚོག་ཡུལ་ཡིན་པ།

    འདི་ནི་པར་ལེན་ལ་དགའ་པོ་ཡོད་མཁན་གྱིས་ཁྲུང་ཁྲུང་སྐེ་ནག་ལ་པར་རྒྱག་བཞིན་པ།

    འདི་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྩེ་གདོང་ཟངས་ཆས་བཟོ་ཁང་དུ་བཟོ་པས་ཟངས་ཆས་རྡུང་བཞིན་པ།

    འདི་ནི་མང་ཚོགས་ཀྱིས་ཞྭ་མོ་ཚེ་རིང་སྐྱིན་ཁེབས་ཉོ་རྩིས་བྱེད་བཞིན་པ།

    འདི་ནི་མང་ཚོགས་ཀྱིས་ཚོང་ཟོག་འདེམས་བཞིན་པ།

    འདི་ནི་མང་ཚོགས་ཀྱིས་སྤོས་ཉོ་བཞིན་པ།

    འདི་ནི་ཨེ་མའི་ཞོག་ཁོག་ཞིམ་ཟས་རིག་གནས་ཉམས་ལེན་བྱེད་སྒོའི་ཐོག་མ་བྱན་གྱིས་ཞིམ་ཟས་བཟོ་བཞིན་པ།

    འདི་ནི་ཚོང་འདུས་ཐོག་སྟོན་པའི་ཟངས་ཆས་ཡིན་པ།

    འདི་ནི་ཚོང་འདུས་ཐོག་གི་རྒྱན་གོས་ཡིན་པ།

    འདི་ནི་འགོ་ཚུགས་མཛད་སྒོའི་ཐོག་ལྷ་མོ་འཁྲབ་བཞིན་པ།

    ཉེ་ཆར་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གིས“རིག་གནས་དར་སྤེལ་དང་། སྤེལ་རེས་ལ་སྐུལ་འདེད། མི་སེམས་གཅིག་སྒྲིལ། འཕེལ་རྒྱས་ལ་རམ་འདེགས”བཅས་དམིགས་ཚད་དུ་བཟུང་བ་དང་ཚོང་འདུས་གཙོ་གནད་དུ་བཟུང་སྟེ“དགུན་གྱི་ཕྱག་རྟགས། སྐྱིད་པའི་ཤངས་པ”ཞེས་པའི་དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་སྐྱེ་ཁམས་དང་རིག་གནས་ཡུལ་སྐོར་ཉམས་ལེན་གཟའ་འཁོར་གྱི་རིམ་སྤེལ་བྱེད་སྒོ་སྤེལ་བ་རེད།

    རྫོང་གྲོང་གི་ཟུར་ཞིག་ཏུ་མི་ཚོགས་ཀྱིས་ཁེངས་ཤིང་ཁྲོམ་བཀྱག་མང་ལ་ཚོང་ཟོག་འདྲ་མིན་སྣ་ཚོགས་ཀྱིས་ཁེངས་ཡོད།

    དེ་གར་འདི་ལྟ་བུའི་འཁྲུག་ཆ་དོད་པོ་ཡོད་དོན་གང་ཡིན་ཞེ་ན། དེ་གར་ནི་ཉམས་ལེན་གཟའ་འཁོར་གྱི་བྱེད་སྒོ་གཙོ་བོ་སྟེ། དགུན་དུས་ཀྱི་ཚོང་འདུས་འཚོག་ཡུལ་རེད། བྱེད་སྒོ་སྤེལ་ཡུལ་དུ་རྒྱན་གོས་ནས་ཞིང་པའི་ཁྱད་ལྡན་ཐོན་རྫས་བར་དང་། ཤ་རིགས་ནས་མི་རིགས་ལག་ཤེས་ཐོན་རྫས་སོགས་གང་དགོས་ཅི་འཛོམས་ཡོད་པ་ལས་འཛད་སྤྱོད་པ་མི་འདྲ་བའི་དགོས་མཁོ་བསྐངས་ཡོད།

    རྣམ་གླིང་རྫོང་གི་བྱང་རྒྱུད་ནི་འབྲོག་ལས་ཀྱི་ཤང་གྲོང་ཡིན་པས་གསོ་ཚགས་ཐོན་ལས་འཕེལ་རྒྱས་ཡག་པོ་ཡོད། འབྲོག་ལས་ཐོན་རྫས་ཀྱི་ཁྲོམ་བཀྱག་ཐོག་རྣམ་གླིང་རྫོང་གི་ཤང་དང་གྲོང་རྡལ་ཁག་ནས་འཁྱེར་བའི་ཚགས་ཤ་དང་ལུག་ཤ་སོས་པ་དང་མར་སོགས་ཀྱི་ཐོན་རྫས་བྲིན་ཁ་རྒྱུག་ཤོས་ཡིན་པ་དང་ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ཀྱིས་འཚང་ཁ་ཤིག་ཤིག་ངང་ཉོ་བཞིན་ཡོད།

    རྣམ་གླིང་རྫོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལིའུ་ཡན་ཡན་གྱིས། ད་ཐེངས་ཀྱི་བྱེད་སྒོའི་བཀྲག་མདངས་འཚེར་ས་ནི་དགུན་དུས་བོད་དུ་ཡུལ་སྐོར་བྱེད་པ་སྟེ་སྐྱེ་ཁམས་རིག་གནས་ཡུལ་སྐོར་ཉམས་ལེན་བྱེད་སྒོ་འཇུག་གཞིར་བྱས་ཏེ་རྣམ་གླིང་རྫོང་གི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་དང་ཟུང་འབྲེལ་གྱིས་རྣམ་གླིང་རྫོང་ཕྱོགས་ཡོངས་ནས་ངོ་སྤྲོད་དང་དྲིལ་བསྒྲགས་བྱས་ཏེ། ཤངས་པའི་རིག་གནས་ཡུལ་སྐོར་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་སྙན་གྲགས་ཆེ་རུ་བཏང་ནས་ཡུལ་སྐོར་བ་དེ་བས་མང་བ་རྣམ་གླིང་དུ་ཡུལ་སྐོར་བྱེད་པའི་ཡིད་དབང་བཀུག་ཁར། རྣམ་གླིང་རྫོང་གི་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།

    ཉམས་ལེན་གཟའ་འཁོར་གྱི་འགོ་ཚུགས་མཛད་སྒོའི་ཐོག་ཤངས་པའི་ལྷ་མོ་དང་། སྐྱོར་མོ་ལུང་གི་ལྷ་མོ། རྒྱལ་མཁར་ལྷ་མོ། གེ་སར་སྒྲུང་། ཐོབ་རྒྱལ་གཞས་ཆེན་སོགས་གཅིག་རྗེས་གཉིས་མཐུད་ངང་འཁྲབ་སྟོན་བྱས་ནས་ལྟད་མོ་བར་མིག་གི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད།

    དུས་ཡུན་ཉིན་ལྔའི་བྱེད་སྒོ་སྤེལ་རིང་། རིག་རྩལ་འཁྲབ་སྟོན་དང་། “དགུན་གྱི་ཕྱག་རྟགས་དྲུག”གི་ཤེས་དཔལ་ལག་ལེན། རྙིང་པ་གསར་བརྗེས། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན། སྒོར་གཞས་མཚན་ཚོགས། ལས་བྱེད་པ་དང་མང་ཚོགས་ཀྱི་དགུན་དུས་ལུས་རྩལ་འགྲན་ཚོགས། ཨེ་མའི་ཞོག་ཁོག་གི་ཞིམ་ཟས་ཉམས་ལེན། ཡིག་གཟུགས་དང་རི་མོའི་བརྩམས་ཆོས་འགྲེམས་སྟོན། ཁྲུང་ཁྲུང་སྐེ་ནག་པར་ལེན་ཉམས་ལེན་འགྲེམས་སྟོན་སོགས་ཀྱི་རིམ་སྤེལ་བྱེད་སྒོ་སྤེལ་བར་ལྗོངས་ཕྱི་ནང་གི་ཡུལ་སྐོར་བར་ཉམས་ལེན་ཟབ་མོ་བྱུང་ཡོད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། བྱེད་སྒོ་སྤེལ་རིང་ལྷ་ས་དང་། གཞིས་རྩེ། ལྷོ་ཁ་སོགས་ལྗོངས་ནང་ཁུལ་དང་ཀན་སུའུ་དང་སི་ཁྲོན་སོགས་ས་ཁུལ་གྱི་ཚོང་པ་500ལྷག་ཙམ་དེའི་ནང་ཞུགས་པ་དང་། ཉོ་ཚོང་བྱེད་ཚད་སྒོར་ཁྲི་1626ལྷག་ཙམ་ཟིན་ནས་ཉེ་འཁོར་གྱི་བཟའ་བཏུང་དང་ཞག་སྡོད་སོགས་ལས་རིགས་ལ་ཡོང་འབབ་སྒོར་ཁྲི་250ཡོང་བར་སྐུལ་ཁྲིད་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།