ཚེ་བརྟན་གཡུ་སྒྲོན་དང་བསོད་ནམས་ཆོས་སྒྲོན་གྱིས་སླར་ཡང་མཚན་སྙན་བཏོད་པ།
གངས་ཤུད་རི་འཛེག་—ཀྲུང་གོའི་བདམས་ཐོན་པས་མཉམ་བསྲེས་རྒྱུག་མཐུད་འགྲན་བསྡུར་གྱི་ཨང་དང་པོ་ནས་གསུམ་པ་བར་ཚང་མ་བླངས་པ།
ཟླ་2ཚེས་12ཉིན། ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་གངས་ཤུད་རི་འཛེག་མཉམ་བསྲེས་རྒྱུག་མཐུད་འགྲན་བསྡུར་ཡ་པུའུ་ལི་རུ་བྱས་པ་དང་། ཚོཌ་ཆུང་12ཀྱི་བདམས་ཐོན་པ་རྣམ་གྲངས་དེའི་མཐའ་བསྡུར་ལ་ཞུགས་པ། ཀྲུང་གོའི་རུ་ཁག་གི་འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པའི་ཚོགས་ཆུང་གསུམ་གྱིས་སྟོབས་ཤུགས་ཆེན་པོ་མངོན་ཡོད། མཐར་ཚེ་བརྟན་གཡུ་སྒྲོན་དང་པུའུ་ལུའུ་ཨར་གྱིས་སྐར་མ་27དང་སྐར་ཆ་48དང་གྲངས་ཆུང་67གྱི་ཐོག་ནས་ཨང་དང་པོ་བླངས་པ་དང་། ཡུས་ཅིང་ཤོན་དང་པི་ཡུས་ཤིན་གྱིས་སྐར་མ་28དང་སྐར་ཆ་20དང་གྲངས་ཆུང་96གི་ཐོག་ནས་ཨང་གཉིས་པ་བླངས་པ། བསོད་ནམས་ཆོས་སྒྲོན་དང་ལིའུ་ཅན་པིན་གྱིས་སྐར་མ་29དང་སྐར་ཆ་27དང་གྲངས་ཆུང་67གྱི་ཐོག་ནས་ཨང་གསུམ་པ་བླངས་པ་རེད།
“ཨང་དང་པོ་རག་པར་ཧ་ཅང་དགའ་པོ་བྱུང་། མེས་རྒྱལ་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན། ང་ཚོས་མུ་མཐུད་འབད་བརྩོན་བྱས་ནས་མེས་རྒྱལ་ལ་གཟི་བརྗིད་གཏོད་ཀྱི་ཡིན། གོམ་སྟབས་རྗེས་མར་སྨི་ལན་དགུན་དུས་ཨོ་རྩལ་འགྲན་ཚོཌ་ལ་གྲ་སྒྲིག་བྱེད་དགོས། འགྲན་བསྡུར་དེ་བས་ཛ་དྲག་པ་ཡོད་ངེས་ཡིན་པས་ང་ཚོས་གྲ་སྒྲིག་ཨང་གསར་བྱས་ཏེ་རྒྱལ་སྤྱིའི་འགྲན་བསྡུར་ནང་རང་ཉིད་ཀྱི་ཆུ་ཚད་ཡག་ཤོས་འདོན་ཐུབ་པ་བྱེད་ཀྱི་ཡིན”ཞེས་ཚེ་བརྟན་གཡུ་སྒྲོན་གྱིས་འགྲན་བསྡུར་ཚར་རྗེས་དེ་ལྟར་བཤད།