དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2025ལོའི་བོད་ཀྱི་ལོ་གསར་མཚན་ཚོགས་ཀྱིས“ཚོགས་ར་གཉིས་དང་ཚན་རྩལ་མཐོ་བ་ཟུང་འབྲེལ”གྱི་རྣམ་པར་བརྟེན་ནས་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་གཤོམ་རྩིས་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-14

    ཉིན་ཤས་གོང་། 2025ལོའི་བོད་ཤིང་སྦྲུལ་ལོའི་ལོ་གསར་གྱི་མཉམ་སྤྲོའི་མཚན་ཚོགས(གཤམ་དུ་བོད་ཀྱི་ལོ་གསར་མཚན་ཚོགས་ཞེས་བསྡུ་རྒྱུ)ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བོད་ལྗོངས་ཟློས་གར་ཁང་ཆེན་པོར་འཚོགས་པ་དང་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་ན་གཞོན་འཁྲབ་ཁྲིད་པ་བསྟན་འཛིན་སྒྲོལ་དཀར་གྱིས་འདི་ལོའི་བོད་ཀྱི་ལོ་གསར་མཚན་ཚོགས་ཀྱི་བཀྲག་མདངས་འཚེར་ས་ངོ་སྤྲོད་བྱས་པ་རེད།

    བོད་ཀྱི་ལོ་གསར་མཚན་ཚོགས་ཟླ་2ཚེས་27ཉིན་གྱི་བོད་ཀྱི་ལོ་གསར་གྱི་དགུ་ཐུག་དགོང་མོར་བོད་ལྗོངས་བརྙན་འཕྲིན་དང་ཇོ་རིའི་སྤྲིན་སྟེགས་ཀྱི་APPསོགས་སུ་དུས་གཅིག་ཏུ་བསྟན་རྒྱུ་རེད། 2025ལོའི་བོད་ཀྱི་ལོ་གསར་མཚན་ཚོགས་ཀྱི་ཞབས་བྲོའི་ལེ་ཚན་ཁོངས་སུ་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)བདུན་གྱི་དམངས་ཁྲོད་ཞབས་བྲོ་དང་། འཁྲབ་ཚན་ཐུང་ངུ་། དགོད་བྲོའི་གཏམ་གླེང་སོགས་སྐད་ཡིག་རིགས་ཀྱི་ལེ་ཚན་9དང་། བརྙན་ཐུང་8 གླུ་གར་རིགས་ཀྱི་ལེ་ཚན་45བཅས་ཡོད།

    སྐབས་འདིའི་བོད་ཀྱི་ལོ་གསར་མཚན་ཚོགས་ནང་འཁྲབ་སྟོན་པ་3000ཙམ་ཞུགས་ཏེ་བོད་ཀྱི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་གཤོམ་རྩིས་ཡོད་པ་རེད།   འཁྲབ་སྟོན་པའི་གཞི་ཁྱོན་ཐད་བོད་རང་གི་སྒྱུ་རྩལ་མཁས་ཅན་གྱིས་སེམས་ནུས་ཡོད་རྒུ་བཏོན་ནས་འཁྲབ་སྟོན་བྱེད་པ་ཕུད། ད་དུང་ཆེད་མངགས་གྲགས་ཅན་མི་སྣ་ལིའུ་ཐའོ་དང་། ཀུང་ལིན་ནཱ། བསྟན་འཛིན་སོགས་གདན་དྲངས་ཡོད། གཞན་ཡང་། ད་ལོའི་བོད་ཀྱི་ལོ་གསར་མཚན་ཚོགས་ནང་མངོན་མིན་རིག་གནས་ཤུལ་བཞག་40ཙམ་གྱི་ནང་ལྷ་མོ་དང་། ནང་མ་སྟོད་གཞས། བྲོ་སོགས་ཚུད་པ་དེ་དག་ལས་ཕྱོགས་ཡོངས་ནས་བོད་ཀྱི་རིག་གནས་ཀྱི་སྣ་མང་རང་བཞིན་མངོན་ཡོད།

    བོད་ཀྱི་ལོ་གསར་མཚན་ཚོགས་གཉེར་ནས་ད་བར་ལོ་40ལྷག་ཙམ་སོང་བ་དང་། སྐབས་འདིའི་བོད་ཀྱི་ལོ་གསར་མཚན་ཚོགས་ཀྱི་གར་སྟེགས་ཇུས་འགོད་ཐད་ལའང་སྔར་ལས་ལྷག་པའི་ཚད་བརྒལ་བྱུང་ཞིང་། “ཚོགས་ར་གཙོ་བོ་གཉིས”ཀྱི་རྣམ་པ་སྤྱད་དེ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དང་བོད་ལྗོངས་ཟློས་གར་ཁང་ཆེན་པོའི་ཚོགས་ར་གཉིས་ཐེངས་དང་པོར་བཙུགས་པར་གཅིག་ནས་བརྗིད་ཉམས་ཆེ་བ་དང་གཅིག་ཤོས་དེ་དྲོ་སྐྱིད་མཉམ་འཛོམས་ཀྱི་རྣམ་པ་མངོན་ནས་སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་བྱུང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོའི་བོད་ཀྱི་ལོ་གསར་མཚན་ཚོགས་ནི་རིག་རྩལ་གྱི་སྟོན་མོ་གཟབ་རྒྱས་ཤིག་ཡིན་པ་མ་ཟད། རིག་གནས་དང་ཚན་རྩལ་མཉམ་འདྲེས་དམ་ཟབ་ཐུབ་པའི་མཉམ་སྤྲོའི་མཚན་ཚོགས་ཤིག་དེ་བས་རེད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་2025ལོའི་དཔྱིད་གསར་མཚན་ཚོགས་ཀྱི་བོད་ལྗོངས་ལྷ་སའི་ཡན་ལག་ཚོགས་རའི་ལག་རྩལ་ཚོགས་པས་བརྒྱུད་རིམ་ཧྲིལ་པོར་ལྟ་སྲུང་བྱས་ཏེ་བོད་ཀྱི་ལོ་གསར་མཚན་ཚོགས་ཐོག་3Dམིག་ཤེལ་རྒྱག་མི་དགོས་པའི་3Dགློག་བརྙན་དང་ཧྥེ་མའོ་བར་སྣང་སྐོར་རྒྱག་པར་ལེན་དང་། ཡུལ་རྣམ་ཧྲིལ་པོའི་ARབཟོ་སྟངས་སྤྱད་པའི་ལེ་ཚན་གཉིས་ལས་སྲོལ་རྒྱུན་རིག་གནས་དེ་ཉིད་དུས་རབས་གསར་པར་གསོན་ཤུགས་གསར་པ་རྒྱས་ཐུབ་པ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།