དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་ན་ནིང་ཡང་བའི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་ཆུ་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་པ།

    ཁྱིམ་སྤྱོད་གློག་ཆས་ལས་རིགས་ཀྱི་ཁེ་སྤོགས་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-02-13

    ཀྲུང་གོའི་ཡང་བའི་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཉེ་ཆར་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2024ལོར་གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་23ཟིན་པ་དེ་དུས་མཚུངས་ལས་2.0%འཕར་ཡོད། ཁེ་བཟང་སྒོར་དུང་ཕྱུར་ཁྲི་1.5ཟིན་པ་དེ་དུས་མཚུངས་ལས་8.3%འཕར་ཡོད། འཛད་རྫས་རྙིང་པ་གསར་པར་བརྗེ་བ་སོགས་ཀྱི་འཕར་ཚད་སྲིད་ཇུས་ཀྱི་སྐུལ་སྤེལ་འོག ཡང་བའི་བཟོ་ལས་ཀྱི་དཔལ་འབྱོར་འཁོར་སྐྱོད་བརྟན་ཐོག་ཡར་འཕེལ་བྱུང་ནས་བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཕར་བར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད།

    ཐོན་སྐྱེད་བརྟན་པོའི་ངང་འཕར་ཞིང་། 2024ལོར་གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས་5.1%འཕར་བ་དང་། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་བསྡོམས་རྩིས་བརྒྱབ་པའི་ཡང་བའི་བཟོ་ལས་ཀྱི་ཐོན་རྫས་གཙོ་བོ་91ཁྲོད་ཐོན་རྫས་རིགས་55ཡི་ཐོན་འབོར་འཕར་བ་དང་འཕར་ཚད་60.4%ཟིན་ཡོད། འཛད་རྫས་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་སོགས་ལ་བརྟེན་ནས་ཁྱིམ་སྤྱོད་གོས་ཁྲུས་འཕྲུལ་འཁོར་དང་འཁྱགས་སྒམ་སོགས་ཐོན་རྫས་ཀྱི་ཐོན་འབོར་ཅུང་མགྱོགས་པོ་འཕར་ཡོད།

    ཁེ་སྤོགས་རྒྱུན་མཐུད་ལེགས་སུ་ཕྱིན་ཞིང་། 2024ལོར་ཡང་བའི་བཟོ་ལས་ཀྱི་ལས་གཉེར་ཡོང་འབབ་ཀྱི་ཁེ་བཟང་6.54%ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་0.38མཐོ་རུ་ཕྱིན་པ་དང་ཁེ་སྤོགས་ཀྱི་ཆུ་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། ཡང་བའི་བཟོ་ལས་ཀྱི་ལས་རིགས་ཁག་གཅིག་གི་ཁེ་བཟང་གང་མགྱོགས་འཕར་ནས་ཚེམ་བཟོའི་འཕྲུལ་ཆས་དང་། རྩེད་ཆས། གློག་རྫས། རྐང་འཁོར། ཁྱིམ་སྤྱོད་གློག་ཆས་སོགས་ལས་རིགས་ཀྱི་ཁེ་བཟང་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།

    ཁྲོམ་ར་བརྟན་པོའི་ངང་རྒྱ་ཆེར་ཕྱིན་ཞིང་། ནང་མཁོ་རྒྱ་སྐྱེད་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་རབ་དང་རིམ་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་ཆབས་ཅིག རྒྱལ་ནང་གི་འཛད་སྤྱོད་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་མང་དུ་ཕྱིན་ནས་ཁྲོམ་རའི་གསོན་ཤུགས་རིམ་བཞིན་ཆེ་རུ་ཕྱིན་ཡོད། 2024ལོར་ཡང་བའི་བཟོ་ལས་ཀྱི་ཚོང་ཟོག་རིགས་11གི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་79275ཟིན་པ་དེ་དུས་མཚུངས་ལས་5.0%འཕར་བ་དང་འཕར་ཚད་དེ་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་དངུལ་འབོར་གྱི་འཕར་ཚད་ལས་བརྒྱ་ཆའི་གྲངས་1.5ཡིས་མཐོ་བ་ཡོད།

    ཕྱིར་གཏོང་བརྟན་ཐོག་འཕར་སྣོན་བྱུང་ཞིང་། འདས་ཟིན་པའི་ལོ་གཅིག་ནང་ཡང་བའི་བཟོ་ལས་ཀྱི་ཚོང་ཟོག་ཕྱིར་གཏོང་གི་གཞི་ཁྱོན་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་ཡང་བའི་བཟོ་ལས་ཀྱི་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་བརྟན་ཐོག་འཕར་སྣོན་བྱུང་སྟེ་མཉེན་ཤུགས་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད། 2024ལོར་ཡང་བའི་བཟོ་ལས་ལས་རིགས་ཡོངས་ཀྱི་ཕྱིར་གཏོང་ཨ་སྒོར་དུང་ཕྱུར་9253.6ཟིན་པ་དེ་དུས་མཚུངས་ལས་3.6%འཕར་ནས་ཟླ་གསུམ་བསྟུད་མར་འཕར་ཚུལ་རྒྱུན་འཁྱོངས་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།