མཚོ་སྔོན་ཞིང་ཆེན་ཝུའུ་ལམ་རྫོང་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་དར་རྒྱས་ལ་སྐུལ་འདེད་བཏང་བ།
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཝུའུ་ལམ་རྫོང་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་རྐང་དེར་དམ་པོར་དམིགས་ཏེ“སྲོག་ཤིང”གི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང“ཧྲུའུ་ཅིས་སྐུལ་ཁྲིད་བྱེད་པ་དང་། ཀྲི་པུའུ་ཡིས་སྣེ་ཁྲིད་བྱེད་པ། ཏང་ཡོན་གྱིས་དཔེ་སྟོན་བྱེད་པ”བཅས་ཀྱི་བྱ་ཐབས་མུ་མཐུད་སྤེལ་ནས། ཏང་གི་ཆབ་སྲིད་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བར་བྱས་ཏེ། ཕྱོགས་ཁག་གི་སྟོབས་ཤུགས་བསྡུ་སྒྲིལ་གྱིས་ཏང་རྩ་འཛུགས་ཀྱིས་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་དང་། ཏང་ཡོན་ཐོན་ལས་ཀྱི་འཐབ་ས་དང་པོར་བསྐྱོད་པ། མང་ཚོགས་ཐོན་ལས་སྦྲེལ་ཐག་ལ་བརྟེན་ནས་ཕྱུག་པོ་ཆགས་པ་བཅས་བྱས་ཤིང་། འདི་ནི་ཝུའུ་ལམ་རྫོང་ཁེ་ཁེ་གྲོང་རྡལ་གྱི་ཏང་ཡོན་དང་གཞོན་ནུ་དང་བླངས་པས་གྲོང་མིར་འདྲེ་ཚེར་མ་སྐམ་རོགས་བྱེད་བཞིན་པ།