མཚོ་སྔོན་གཅན་ཚ་རྫོང་གིས་གྲང་ཆུའི་ཉ་གསོར་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ།
མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཅན་ཚ་རྫོང་གིས་ཁུལ་ཁོངས་ཀྱི་ཕུན་སུམ་ཚོགས་པའི་ཆུའི་ཐོན་ཁུངས་ལ་བརྟེན་ནས། ས་མཐོའི་ཁྱད་ལྡན་གྱི་དེང་རབས་སྐྱེ་ཁམས་ཉ་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། གྲང་ཆུའི་ཉ་གསོ་ཚགས་དེ་རིམ་བཞིན་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ཡོང་བར་བྱས་ཡོད། མིག་སྔར། རྫོང་ཡོངས་སུ་དྲ་སྒམ་ཉ་གསོ་ཁོ་ནའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་4.86ཟིན་པར་ལོ་རེའི་ཐོན་འབབ་སྒོར་ཁྲི་2500ཟིན་ནས། མང་ཚོགས་འབབ་འཕར་གྱི་ལམ་བུ་སྔར་བས་ཡངས་སུ་ཕྱིན་པ་མ་ཟད། གྲོང་གསེབ་དར་རྒྱས་ལའང་གསོན་ཤུགས་གསར་པ་སྦྱིན་ཡོད། འདི་ནི་མཉམ་འབྲེལ་ཆུ་ཐོན་ཉ་རའི་ལས་མིས་ཉ་ལ་ལྟོ་སྟེར་བཞིན་པ།