དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལས་སྒྲུབ་ཀྱི་ཁབ་སྐུད་ལ་བརྟེན་ནས་བདེ་སྐྱིད་ཀྱི་མེ་ཏོག་འཚེམ་པ།

    ཉིང་ཁྲིས“གསལ་ཐོ་དང་སྐར་ཁུང་ཟུང་འབྲེལ”གྱི་ལས་སྒྲུབ་བྱེད་སྟངས་གསར་གཏོད་བྱས་ཏེ་དམངས་ཕན་དོན་དག་མི་དམངས་ཀྱི་བློ་ལ་བབས་པ་ཞིག་བསྒྲུབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-13

    ཉིང་ཁྲིའི་སྒྱུར་བཅོས་སྒོ་དབྱེ་སྔོན་སྤེལ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་སྦྲགས། ཕྱི་ནས་ཡོང་བའི་མང་ཚོགས་དང་ཡུལ་དེ་གའི་གྲོང་མིའི་ལས་གཏོད་ཀྱི་སྤྲོ་སེམས་རྒྱུན་ཆད་མེད་པར་འཕེལ་ཞིང་། ཉེ་བའི་ལོ་ཤས་རིང་། གསར་དུ་ཐོ་འགོད་བྱས་པའི་གཉེར་སྐྱོང་བྱེད་པོ་རིམ་བཞིན་མང་དུ་ཕྱིན་ཏེ་ཉིང་ཁྲི་གྲོང་ཁྱེར་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་ཁྲོམ་རའི་ལྟ་འདོམས་ཞབས་ཞུའི་སྐར་ཁུང་བྲེལ་བརྩོན་ཧ་ཅང་ཆེ་རུ་ཕྱིན་ནས་2024ལོར་ལས་སྒོ་གཉེར་ཚད་ཁག་16958ཟིན་ཡོད་པ་རེད།

    ཉེ་ཆར། གསར་འགོད་པར་ཉིང་ཁྲི་གྲོང་ཁྱེར་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་ཚོམས་ཆེན་དུ་ཡོད་པའི་ཁྲོམ་ར་ལྟ་འདོམས་ཞབས་ཞུའི་སྐར་ཁུང་དུ་ཚོང་ཁང་གཉིས་པ་གཉེར་རྩིས་ཡོད་པའི་ཀུའུ་ཆེ་གེ་མོ་འཕྲད་བྱུང་། ཁོང་གིས་གསར་འགོད་པར“ད་ལྟ་སྟབས་བདེ་པོ་འདུག ལག་ཐོགས་ཁ་པར་ནས་ཉིང་ཁྲིའི་སྲིད་དོན་ཞབས་ཞུའི་སྐད་འཕྲིན་སྤྱི་རྟགས་ཁ་ཕྱེ་སྟེ་དེའི་ནང་སྡེབ་གཅིག་གི་གསལ་བརྡ་མནན་ཆོག ཁྱེད་རང་ཅི་ཞིག་སྒྲུབ་དགོས་རུང་། གསལ་བརྡའི་ཐོག་འཁོད་པའི་དཔྱད་ཡིག་འཁྱེར་ན་ཁྲོམ་ར་ལྟ་འདོམས་ཞབས་ཞུའི་སྐར་ཁུང་ནས་ཕྱོགས་བསྡུས་ལས་སྒོ་གཉེར་ཆོག་པ་དང་འཕྲལ་དུ་གཉེར་ཐུབ་པས་ཉིན་ཕྱེད་ནང་ལས་གཉེར་ལག་ཁྱེར་རག་གི་འདུག”ཅེས་བཤད།

    མ་བསྒྲུབ་སྔོན་ལ་གསལ་བརྡ་བཏང་བས་མང་ཚོགས“ཕར་རྒྱུག་ཚུར་རྒྱུག”བྱེད་དགོས་པའི་གནད་དོན་ཐག་གཅོད་ཐུབ་པ།

    ཁེ་ལས་དང་མང་ཚོགས་ཕར་རྒྱུག་ཚུར་རྒྱུག་བྱེད་མི་དགོས་པའི་ཆེད་དུ། 2023ལོ་ཚུན་དུ། ཉིང་ཁྲི་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱིས་ནུས་ཤུགས་ཡོད་རྒུས་བཅའ་སྒྲུབ་དོན་དག་གི་སྡེབ་གཅིག་གསལ་བརྡ་ཁ་གསལ་བཏང་སྟེ། རྒྱལ་ཡོངས་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་བཙུགས་ནས་བཀོལ་སྤྱོད་ཀྱི་གཞི་རིམ་འབྲེལ་གཏུག་ས་ཚིགས་དམ་འཛིན་བྱ་གཞིར་བྱས་ནས“རྒྱུན་དུ་ཐོན་པའི་དོན་གནད”243ལ་དམིགས་ནས་སྡེབ་གཅིག་གསལ་བརྡ་ཁ་གསལ་བཏང་བ་དང་དྲ་ཐོག་དང་དྲ་ཕྱི་ནས་མཉམ་དུ་དྲིལ་བསྒྲགས་བྱས་ཏེ་མང་ཚོགས་ཕར་རྒྱུག་ཚུར་རྒྱུག་བྱེད་དགོས་པའི་གནད་དོན་ཐག་གཅོད་བྱས་པ་རེད།

    ཉིང་ཁྲི་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཟླ་བ་ཆོས་སྒྲོན་གྱིས“ང་ཚོས་དོན་དག་རེ་རེ་ཐག་གཅོད་བྱེད་པའི་བརྒྱུད་རིམ་དང་མཁོ་བའི་དཔྱད་ཡིག་མང་ཚོགས་ལ་གསལ་པོར་བཤད་ནས་མང་ཚོགས་ཀྱིས་བལྟས་མ་ཐག་ཤེས་པ་དང་། རེའུ་མིག་རྒྱོང་ཐེངས་གཅིག་ལ་འགྲིག་པ། འཁྱེར་ཐེངས་གཅིག་ལ་ཚང་བ།

    སྒྲུབ་ཐེངས་གཅིག་ལ་བསྒྲུབས་ཐུབ་པ་བཅས་ཀྱི་འགན་ལེན་བྱས་ཏེ་མང་ཚོགས་བྱ་བ་སྒྲུབ་སྐབས‘ཕར་རྒྱུག་ཚུར་རྒྱུག’ཡང་སེ་བྱེད་དགོས་པའི་གནད་དོན་ཐག་གཅོད་བྱས་པ་ཡིན”ཞེས་གསར་འགོད་པར་བཤད།

    སྒྲུབ་སྐབས་སྐར་ཁུང་དུ་གཅིག་སྡུད་ཀྱིས་བསྒྲུབས་ནས་མང་ཚོགས་ཀྱི་དོན་དག“ཐེངས་གཅིག་ལ་སྒྲུབ་པ”

    ཚོམས་ཆེན་གྱི་དཀྱིལ་དུ་གྲོང་ཁྱེར་གྱི་ཕྱོགས་བསྡུས་ཁྲིམས་འཛིན་དང་། སྤྱི་པའི་འདུ་གནས་ཀྱི་འཕྲོད་བསྟེན་ཆོག་འཁྲོལ། རྡོ་ཐ་སིལ་འཚོང་གི་ཆོག་འཁྲོལ་སོགས་ཀྱི“ཞབས་ཞུ་མཉམ་འདུས”བྱུང་ནས“ཁྱད་པར་མེད་པའི”ཕྱོགས་བསྡུས་ལས་སྒྲུབ་སྐར་ཁུང་གཉིས་སུ་ཟླ་སྒྲིལ་བཏང་སྟེ་ལས་སྒོ་ཁག་156ཕྱོགས་བསྡུས་ཀྱིས་གཉེར་བ་དང་། ཚོམས་ཆེན་མཐའ་འཁོར་གྱི“ཁྱབ་ཁོངས་དབྱེ་བའི”ཆེད་བཙུགས་ཁུལ་8ཡོད་པར་སྤྱི་བདེ་དང་། ཁྲོམ་ར་ལྟ་འདོམས། སྨན་བཅོས་འགན་བཅོལ། ཁྲལ་དོན་སོགས་ཞབས་ཞུའི་དོན་ཚན་207གཉེར་ཐུབ་ཀྱི་ཡོད་པ་རེད།

    སྐར་ཁུང་80དང་སྲིད་དོན་ཞབས་ཞུའི་དོན་དག་363འཁོར་རྒྱུག་མྱུར་པོ་དང་ལས་ཕྱོད་ཆེན་པོས་བསྒྲུབས་པ་སོགས། ཉིང་ཁྲི་གྲོང་ཁྱེར་གྱི་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱིས་ཉིང་ཁྲི་གྲོང་ཁྱེར་དང་བྲག་ཡིབ་ཆུས་རིམ་གཉིས་ཀྱི་ཞབས་ཞུའི་དོན་དག་སྤྱི་འདོམས་དང་བསྡུ་སྒྲིལ་བྱས་ཏེ། “ཁྱད་པར་མེད་པའི”ཕྱོགས་བསྡུས་ལས་སྒྲུབ་སྐར་ཁུང་དང“ཁྱབ་ཁོངས་དབྱེ་བའི”ཕྱོགས་བསྡུས་ལས་སྒྲུབ་སྐར་ཁུང་བཙུགས་ཏེ“མདུན་སྟེགས་ནས་ཕྱོགས་བསྡུས་བདག་སྤྲོད་དང་། རྒྱབ་སྟེགས་ནས་རིགས་དབྱེ་ཞིབ་མཆན། གཅིག་གྱུར་སྐར་ཁུང་ནས་ཡིག་ཆ་དོན་པའི”གདུབ་ཟུམ་དོ་དམ་ཆ་ཚང་པོ་ཡོད་ཅིང་། ཕྱོགས་བསྡུས་སྐར་ཁུང་གི་རྣམ་པ་དེ་རིགས་ཉིང་ཁྲིའི་རྫོང(གྲོང་ཁྱེར་དང་ཆུས)རིམ་པར་དུས་མཚུངས་སུ་བསྣུར་བསྲིངས་བྱས་པས“དོན་དག་གཅིག་སྐར་ཁུང་མང་པོར་འགྲོ་དགོས་པ”ནས“སྐར་ཁུང་གཅིག་ནས་དོན་དག་ཚང་མ་སྒྲུབ་ཐུབ་པའི”བར་འགྱུར་ལྡོག་བྱུང་ཡོད།

    བསྒྲུབས་རྗེས་འགན་སྲུང་ནུས་ལྡན་བྱས་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་བ།

    ཉིང་ཁྲི་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱིས“ཉིང་ཁྲིའི་སྲིད་དོན་ཆེད་བསྐུར”ལས་སྒོ་གཉེར་ནས་རྒྱལ་ཡོངས་སུ་རིན་པ་མི་དགོས་པར་བསྐུར་སྐྱེལ་ཞབས་འདེགས་ཞུས་ཏེ་ཞིབ་མཆན་གྱི་འབྲས་བུ“ལེན་པར་འགྲོ་བ”ནས“སྒོ་རྩར་སྐྱེལ་བར”བསྒྱུར་ཡོད། 2024ལོ་འཁོར་མོར་སྦྲག་བསྐུར་284བསྐུར་བ་དང་ཐག་རིང་ཤོས་ཤིན་ཅང་དུ་བསྐུར་ཡོད་པ་རེད།

    2024ལོའི་ཟླ་12ཚེས་10ཉིན། ཉིང་ཁྲི་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཨན་སུའུ་ཏ་ཆ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཐན་ཅུན་ཡུང་གིས་ཉིང་ཁྲི་གྲོང་ཁྱེར་སྲིད་དོན་ཞབས་ཞུའི་ལྟེ་གནས་ནས་རེ་བ་ཞུས་པའི་ཀུང་སིའི་ལས་གཉེར་ལག་ཁྱེར་གསར་པ་ལེན་སྐབས་བསམ་ཡུལ་ལས་འདས་པར“ཁེ་ལས་གཉེར་བའི་ལག་རྟགས་ཆེན་པོ”ལྗིད་ཏིག་ཏིག་ཅིག་རག་ཡོད། “སྔ་དྲོ་ང་ཚོས་ཁེ་ལས་འཛུགས་པའི་ཐོ་འགོད་རེ་བ་ཞུས་པ་དང་ཕྱི་དྲོར་ལས་གཉེར་ལག་ཁྱེར་ལེན་པར་ཡོང་རྒྱུའི་བརྡ་ཐོ་འབྱོར་བྱུང་ལ། བསམ་ཡུལ་ལས་འདས་པར་ལག་རྟགས་ཆེན་པོ་ཞིག་ཀྱང་རག་བྱུང་། ཞབས་ཞུ་དངོས་འབྲེལ་ཡག་པོ་འདུག”ཅེས་ཐན་ཅུན་ཡུང་གིས་དགའ་སྤྲོ་ཆེན་པོས་བཤད།

    དེ་དང་ཆབས་ཅིག་བློ་ཡིད་ཚིམ་ཚད་ཀྱི་འཚམས་ལན་བྱེད་སྒོ་སྤེལ་ཞིང་། 2024ལོར་རིམ་རྩིས་བྱས་ན་དོན་དག་སྒྲུབ་མཁན་མང་ཚོགས་1579ལ་འདྲི་ཤོག་བརྟག་དཔྱད་ཀྱི་འཚམས་ལན་བྱས་པ་དང་། ཁ་པར་ནས་འཚམས་ལན་ཐེངས་1021བྱས་པར་བློ་ཡིད་ཚིམ་ཚད་99.2%ཟིན་ཡོད། 2024ལོར་ཉིང་ཁྲི་གྲོང་ཁྱེར་སྲིད་དོན་ཞབས་ཞུའི་ལྟེ་གནས་ནས་སྲིད་འཛིན་ཀྱི་ཞིབ་མཆན་འགོད་པ་དང་སྤྱི་པའི་ཞབས་ཞུའི་དོན་དག་ཁག་431332བསྒྲུབས་པ་དེ་དུས་མཚུངས་ལས་32.4%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།