དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ། འཆམ་མཐུན་སྒོ་ནས་ལོ་གསར་གཏོང་།

    གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་རྨ་བྱ་ཤང་ཕུ་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་གྱི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-02-12

    ཚོས་མདོག་རྣམ་པར་བཀྲ་བ་དང་བཟོ་དབྱིབས་དཔེ་གསར་གྱི་གྲོ་སོ་ཕྱེ་མར་བོད་བཟོའི་ཅོག་ཙེའི་དབུས་སུ་བསྒྲིཌ་ཡོད་པ་དང་། དེའི་སྟེང་དུ་ཚོས་མདོག་སྣ་ལྔའི་སྙེ་མ་བཙུཌ་པ། གྲོ་སོ་ཕྱེ་མར་གྱི་འབོའི་གཞོགས་གཉིས་སུ་ཁ་བཏགས་དཀྲིས་ཡོད། དེས་མ་ཚད་ད་དུང་། བཏུང་བྱ་སྣ་ཚོགས་དང་། ཤིང་ཏོག་སོགས་ཅོག་ཙེའི་སྟེང་དུ་བཤམས་ཡོད།

    གཞིས་རྩེའི་སོ་ནམ་ལོ་གསར་ཚེས་གཉིས་ཉིན་གྱི་སྔ་དྲོར། གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་རྨ་བྱ་ཤང་ཕུ་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་གྱི་ཐང་ཆེན་དུ་གྲོང་ཚོའི་ལོ་60ཡན་གྱི་རྒན་རྒོན་ལ་འཚམས་འདྲི་ཞུ་བའི་བྱེད་སྒོ་ཞིག་སྤེལ།

    གྲོང་ཚོའི་ལོ་60ཡན་གྱི་རྒན་རྒོན་36གིས་གཟབ་མཆོར་ལེགས་པར་སྤྲས་ནས་བྱེད་སྒོར་ཞུགས། གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ཉི་མ་ཚེ་རིང་གིས་རྒན་རྒོན་ཚོར་དཀར་གཙང་ཁ་བཏགས་གཡོག་ནས་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུས། ཡུལ་མི་ཚོས་ཐག་ཉེ་སར་བསྡད་དེ་བྱེད་སྒོར་ཞུགས་པས། གྲོང་ཚོ་ཡོངས་སུ་རྒན་བཀུར་རྒན་གཅེས་ཀྱི་དར་སྲོལ་ཞིག་ཆགས་པ་དང་། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བའང་ལྷག་པར་ཟབ། “རྒྱུན་དུ་རང་ཉིད་གཟུཌ་པོ་བདེ་པོ་མེད་པའམ་ཡང་ན་དཀའ་ངལ་གང་ཞིག་འཕྲད་སྐབས་གྲོང་ཚོའི‘ཨུ་ལྷན་གཉིས’ཚན་ཁག་གི་ཁོངས་མིས་ལྟ་བར་ཡོང་གི་ཡོད། གྲོང་ཚོའི་ནང་གི་སྤུན་མཆེད་ཚོས་ཀྱང་ང་ལ་རོགས་རམ་དང་ལྟ་རྟོགས་བྱེད་པ་མ་ཟད། ད་དུང་ཞིང་ཁའང་འདེབས་རོགས་བྱེད་ཀྱི་ཡོད། ད་ཆ་འཚོ་བའི་དངོས་ཟོག་དང་མཁོ་ཆས་འདང་ངེས་འདུག”ཅེས་ལོ་73ལ་སླེབས་པའི་ཕུ་གྲོང་ཚོའི་མི་ཧྲེང་རྒན་མོ་ཟླ་སྒྲོན་གྱིས་བཤད།

    བྱེད་སྒོ་སྤེལ་ཡུལ་དུ་གྲོང་ཚོའི་འཁྲབ་སྟོན་པ་ཚོས་སྟོད་གཞས་འཁྲབ་ཅིང་། སྙན་འཇེབས་ལྡན་པའི་སྒྲ་སྙན་གྱི་འགྱུར་ཁུག་དང་སྤྲོ་སྣང་ལྡན་པའི་གར་སྟབས་ཕན་ཚུན་ཆར་པ་ཆུ་གྲོགས་སུ་གྱུར་ནས་ཡིད་དབང་ལྷག་པར་འཕྲོག “ལོ་གསར་གྱི་ཉིན་འགའི་རིང་གནམ་གཤིས་ཡག་པོ་སྟོན་སྐབས་ཚང་མ་གྲོང་ཚོའི་ཐང་ཆེན་ཆུང་ཆུང་དུ་འཛོམས་ནས་གླུ་ལེན་གར་འཁྲབ་བྱེད་པ་དང་། གྲོང་ཚོའི་རིག་རྩལ་རུ་ཁག་གིས་ཀྱང་རིག་རྩལ་བྱེད་སྒོ་སྒྲིག་འཛུགས་དང་བཀོད་སྒྲིག་ཧུར་ཐག་བྱས་པ་རེད” རྨ་བྱ་ཤང་གི་རོགས་སྐྱོར་ལས་བྱེད་པ་དང་། ཕུ་གྲོང་ཚོའི་གྲོང་ཚོ་འགན་གཙང་ལས་བྱེད་པ། གམ་པ་རྫོང་འགྲིགས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་སྟོབས་རྒྱལ་གྱིས་ཚང་མས་དུས་ཆེན་མཉམ་དུ་དགའ་གཏོང་བྱས་ནས་བདེ་སྐྱིད་དང་སྤྲོ་སྣང་མང་ཙམ་ཡོང་བ་བྱས་ཡོད་ཅེས་བཤད།

    ཟླ་སྒྲོན་གྱིས“ས་ཡོམ་རྒྱག་སྐབས་ངའི་སེམས་ལ་འཇིགས་སྣང་ཕྲན་བུ་བྱུང་ཡང་ཚང་མས་ཕན་ཚུན་སེམས་གསོ་གཏོང་རེས་བྱས་པས་ད་ཆ་སེམས་པ་ལྷོད་དུ་ཕྱིན་སོང་”ཞེས་བཤད། མིག་སྔར། ཕུ་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་གྱི་ཆུ་དང་། གློག དྲ་རྒྱ་སོགས་རྨང་གཞིའི་སྒྲིག་བཀོད་ཚང་མ་བསྐྲུན་ཚར་བ་མ་ཟད། མེ་ཟོན་དང་འཕྲལ་སྡོམ་སོགས་སྡེ་ཚན་གྱིས་སྟབས་བདེའི་ཁང་པར་སྤུས་ཚད་ཞིབ་དཔྱད་བྱས་པ་བརྒྱུད་གཞི་ནས་གནོད་འཚེ་ཕོག་པའི་མང་ཚོགས་སྤོ་རུ་བཅུག ད་དུང་དུད་ཚང་ཚང་མར་ལྕགས་ཐབ་སྤྲད་ཅིང་། ལྕགས་ཐབ་ཆེ་ཆུང་སྣ་ཁ་གསུམ་བཞི་ཙམ་ཡོད། ཆུ་བེད་སྡེ་ཚན་གྱིས་ཀྱང་ཆུ་མདོང་དང་ཆུ་ཀ་ལར་འཁྱགས་འགོག་བྱེད་ཐབས་སྤྱད་ཡོད་ལ་ཆུ་སྤུས་ལ་ཞིབ་དཔྱད་ཚད་ལེན་ཀྱང་བྱས་ཡོད།

    “ང་ཚོས་སྟབས་བདེའི་ཁང་པ་ཚང་མར་མེ་གསོད་ཆས་སྒྲིག་སྦྱོར་བྱས་པ་མ་ཟད། རྫོང་མེ་ཟོན་རུ་ཆེན་གྱི་རུ་མི་གཉིས་བཀོད་སྒྲིག་བྱ་ཡུལ་དུ་བཅའ་སྡོད་བྱེད་དུ་བཅུག་ཡོད། དེ་གོང་ད་དུང་མང་ཚོགས་དང་གྲོང་ཚོའི་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་མེ་གསོད་ནང་སྦྱོང་ཀྱང་བྱས་པ་ཡིན”ཞེས་ཕུ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཉི་མ་དོན་གྲུབ་ཀྱིས་བཤད།

    དུས་ཆེན་རིང་མེ་གསོད་རུ་མི་ཚོས་བཀོད་སྒྲིག་བྱ་ཡུལ་དུ་ལས་སྒྲུབ་བྱེད་པ་དང་དེའི་འགྲམ་དུ་མེ་གསོད་བྱེ་ཁུག་དང་། ཆུ་ཏུན་1.5བླུགས་པའི་རླངས་འཁོར་སོགས་མེ་གསོད་སྒྲིག་ཆས་བཞག་ཡོད་པ་གསར་འགོད་པས་མཐོང་བྱུང་བས། བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས་ལ་བདེ་འཇགས་ལྡན་པའི་ཚོར་སྣང་ཆེན་པོ་ཡོད་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།