རྐང་ཐང་ལ་འགྲོ་རྒྱུར་དགའ་མཁན་ཚོ་ཨ་ཀེན་ཐིན་དུ་ཡུལ་སྐོར་ལ་བསྐྱོད་པ།
མིག་སྔར། སའི་གོ་ལའི་ཕྱེད་ལྷོ་མར་དབྱར་དུས་ཡིན་པས། ཨ་ཀེན་ཐིན་དུ་གནས་པའི་རྐང་ཐང་ཡུལ་སྐོར་གྱི་གནས་མཆོག་པཱ་ཐ་ཀོ་ཉི་ཡ་ས་ཁུལ་དུ་ཡུལ་སྐོར་བྱེད་མང་བའི་དུས་ཚིགས་འཆར་ཡོད། ས་ཁུལ་དེར་རི་རྒྱུད་དང་། འཁྱགས་རོམ། མཚོ་མཚེའུ། རྩྭ་ཐང་། ཆར་ནགས་སོགས་རང་བྱུང་མཛེས་ལྗོངས་སྣ་ཚོགས་ཡོད་སྟབས་དཀའ་ཚད་མི་འདྲ་བའི་རྐང་ཐང་མར་དགའ་མཁན་ཚོར་འཚམ་པོ་ཡོད། འདི་ནི་ཨ་ཀེན་ཐིན་གྱི་པཱ་ཐ་ཀོ་ཉི་ཡ་ས་ཁུལ་གྱི་འཁྱགས་རོམ་རྒྱལ་ཁབ་སྤྱི་གླིང་དུ་ཡུལ་སྐོར་བ་རྐང་ཐང་མར་སྐྱོད་བཞིན་པ།