ཀྲུང་པུ་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་བ།
པུ་རུ་ནེ་ནི་གནའ་རབས་ནས་བཟུང་མཚོ་ཐོག་དར་གོས་ལམ་བུའི་གྲུབ་ཆ་གལ་ཆེན་ཞིག་རེད། 2013ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་གནང་བར། པུ་རུ་ནེ་ཡིས་དང་ལེན་ཧུར་ཐག་བྱས་པ་དང་འབྲེལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་ཀྲུང་པུ་ཕྱོགས་གཉིས་པོས་2017ལོ་དང་2018ལོར་སྔ་རྗེས་སུ་སྲིད་གཞུང་དབར“རྒྱུད་གཅིག་ལམ་གཅིག”བསྐྲུན་པར་མཉམ་དུ་སྐུལ་འདེད་གཏོང་བའི་བསམ་ཤེས་དྲན་ཐོ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་འཆར་འགོད་ལ་མིང་རྟགས་བཀོད་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་པུ་རུ་ནེའི“2035ལོའི་རེ་འདུན་ཆེན་པོ”སྦྲེལ་མཐུད་ཐུབ་པར་སྐུལ་འདེད་བཏང་བས། དངོས་སྒྲུབ་མཉམ་ལས་ཀྱི་གྲུབ་འབྲས་རྒྱུན་ཆད་མེད་པར་བཏོད་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད།
ཀྲུང་གོ་དང་པུ་རུ་ནེ་རྒྱལ་ཁབ་གཉིས་ཀྱིས་གཙོ་བདག་གི་དགོངས་པ་གཅིག་མཐུན་སྣེ་ཁྲིད་དུ་བྱས་ཏེ་མཛའ་མཐུན་དང་ཕན་ཚུན་ཡིད་ཆེས་ཀྱི་ཆབ་སྲིད་རྨང་གཞི་བརྟན་པོ་བཏིང་ཡོད། ཀྲུང་པུ་རྒྱལ་ཁབ་གཉིས་པོ་ནི་རྒྱ་མཚོ་གཅིག་གིས་ཆོད་པའི་ཁྱིམ་མཚེས་རྒྱལ་ཁབ་དང་། ཕན་ཚུན་ཡིད་ཆེས་བྱེད་པའི་གྲོགས་པོ། ཐུན་མོང་འཕེལ་རྒྱས་ཀྱི་རོགས་ཟླ་བཅས་ཡིན་པས། རྒྱལ་ཁབ་ཆེ་ཆུང་གཉིས་པོས་ཕན་ཚུན་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་གཉིས་ཕན་མཉམ་ཁེའི་དཔེ་མཚོན་བཏོད་པ་མ་ཟད། ད་དུང་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགྲོ་འོང་མང་པོ་ཡོད། 2018ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུ་རུ་ནེ་ལ་གྲུབ་འབྲས་ཐོབ་པའི་ངང་རྒྱལ་དོན་འཚམས་འདྲི་གནང་བ་རེད། 2019ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པར་ཞུགས་མཁན་པུ་རུ་ནེའི་སུའུ་ཏན་ཧ་སང་ནར་དང་མཇལ་འཛོམས་གནང་བ་རེད། 2022ལོ་དང་2023ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་གཉིས་བསྟུད་མར་སྔ་རྗེས་སུ་ཐེ་ལན་གྱི་པང་ཁོག་དང་ཨ་རིའི་ཅིའུ་ཅིན་ཧྲན་དུ་སུའུ་ཏན་ཧ་སང་ནར་དང་མཇལ་འཛོམས་གནང་ནས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བར་འཐབ་ཇུས་ཀྱི་མཛུབ་ཁྲིད་གནང་བ་དང་། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་གནང་སྟེ། ཀྲུང་པུའི་ལས་དབང་གཅིག་མཐུན་ཚོགས་པའི་ཕུགས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་བཏིང་གནང་ཡོད།
འདས་ཟིན་པའི་ལོ་10ཡི་ནང་ཀྲུང་པུ་ཕྱོགས་གཉིས་ཀྱི་ཉོ་ཚོང་དངུལ་འབོར་མགྱོགས་མྱུར་འཕར་བ་སྟེ། 2014ལོའི་ཨ་སྒོར་དུང་ཕྱུར་19.36ནས་2023ལོའི་ཨ་སྒོར་དུང་ཕྱུར་28.05བར་འཕར་བ་དང་འཕར་ཚད་45%ཙམ་ཟིན་པའི་ནང་པུ་རུ་ནེ་ཡིས་ཀྲུང་གོར་ཕྱིར་གཏོང་བྱས་པའི་དངུལ་འབོར་རིམ་རྩིས་བརྒྱབ་ན་ལྡབ་9ཙམ་འཕར་ཡོད། ཀྲུང་གོ་དེ་ཉིད་པུ་རུ་ནེའི་མ་འཇོག་ཡོང་ཁུངས་ཆེ་གྲས་གཉིས་པ་དང་ཚོང་དོན་རོགས་ཟླ་ཆེ་གྲས་རྒྱལ་ཁབ་གསུམ་གྱི་གྲས་ཡིན་པ་རེད། རྒྱལ་ཁབ་གཉིས་པོའི་གཉིས་ཕན་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཉེ་བའི་ལོ་ཤས་རིང་། པུ་རུ་ནེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས“ཀྲུང་གོའི་གཞུང་ཚབ་ཆེ་མོའི་བྱ་དགའ”བཏོད་ནས“ཀྲུང་གོའི་ཉིན་མོ”དང་། ཀྲུང་པུའི་སྒྱུ་རྩལ་དུས་ཆེན། རྐང་རྩེད་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར། ཀྲུང་གོའི་གློག་བརྙན་དུས་ཆེན། ཡིག་གཟུགས་འགྲན་བསྡུར། རྩོམ་ཡིག་འགྲན་བསྡུར། རི་མོའི་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་གཉེར་ནས་པུ་རུ་ནེའི་དམངས་ཚོགས་ལ་ཀྲུང་གོ་ཤེས་ཚོར་དང་ཤེས་རྟོགས་ཐུབ་རྒྱུར་ལས་སྟེགས་བཏོད་ནས་ཕྱོགས་གཉིས་པོའི་དམངས་སེམས་གཅིག་སྦྲེལ་ཐུབ་པར་སྐུལ་འདེད་ནུས་ལྡན་བཏང་ཡོད།
འབྱུང་འགྱུར་ལ་རྒྱང་ལྟ་བྱས་ན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་པུ་རུ་ནེ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་དགོངས་པ་གཅིག་མཐུན་གལ་ཆེན་སྣེ་ཁྲིད་དུ་བྱས་ཏེ་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ། ཀྲུང་པུའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད།
(རྩོམ་པ་པོ་ནི་པུ་རུ་ནེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡིན)