བོད་རང་སྐྱོང་ལྗོངས་ཀྱིས་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་གི་སེམས་སྐྱིད་བྱ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།
ཉེ་ཆར། གསར་འགོད་པས་བོད་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། 2024ལོར་བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་ཞབས་ཞུར་དམིགས་ཏེ། བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་གི་སེམས་སྐྱིད་བྱ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། 12338བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ལྟེ་གནས་འཛུགས་པ་དང་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་གི་སྤྱི་ཕན་ཞབས་ཞུའི་ཐད་སྦྲེལ་ཁ་པར་འཛུགས་པར་ཤུགས་སྣོན་བརྒྱབ་ཡོད།
སེམས་ནུས་ཡོད་རྒུས་ཁེ་དབང་སྲུང་སྐྱོང་གི་ཞབས་ཞུ་བསྒྲུབས་ཤིང་། བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མི་སྤྱི་ཐིང་དང་། སྤྱི་ཁྱབ་བཟོ་ཚོགས། སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་། ཁྲིམས་འཛིན་སོགས་སྡེ་ཚན་དང་མཉམ་འབྲེལ་ཐོག་ལས་ཞུགས་ཐད་ཕོ་མོའི་དབྱེ་བ་འབྱེད་པར་མཉམ་འབྲེལ་བསྐོང་འདྲིའི་ལམ་སྲོལ་བཙུགས་པ་དང་། གཉེན་སྒྲིག་དང་ཁྱིམ་ཚང་གི་རྩོད་གཞི་སྔོན་འགོག་དང་སེལ་བ་དང་། ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ། ལས་ཞུགས་ཐད་ཕོ་མོའི་དབྱེ་བར་མཐོང་ཆུང་། ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་སོགས་དཀའ་གནད་ལ་དམིགས་ནས། སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་། ཁྲིམས་འཛིན་སོགས་སྡེ་ཚན་དང་མཉམ་འབྲེལ་ཐོག་ཁེ་དབང་སྲུང་སྐྱོང་ལས་དོན་གྱི“ལམ་སྲོལ་ཁག་ལྔ”བཙུགས་པ། རྣམ་པ་སྣ་ཚོགས་ཀྱི“ཁྲིམས་ལྟར་བོད་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་བུད་མེད་ཀྱི་ཁྲིམས་ལུགས་ཁྱབ་གདལ་གྲོང་གསེབ་ཏུ་སྤེལ་བའི”བྱེད་སྒོ་དང་དྲིལ་བསྒྲགས་བྱེད་སྒོ་ཐེངས་258སྤེལ་བས་མང་ཚོགས་མི་ཐེངས་ཁྲི་7ལྷག་ཙམ་ལ་ཕན་པ་ཐོབ་པ་རེད།
བརྩེ་སེམས་ལ་བརྟེན་ནས་གཅེས་སྐྱོང་དང་རོགས་སྐྱོར་ཏན་ཏིག་བྱས་ཤིང་། མ་དངུལ་སྒོར་ཁྲི་542.5རེ་ཞུ་བྱས་ཏེ“སྐྱེད་མའི་བདེ་ཐང་མྱུར་འཁོར”དང“སྐྱེད་མའི་སྦྲག་བསྐུར” “དཔྱིད་ཐིའུ་འཆར་གཞི” “སྐྲན་གཉིས”རོགས་སྐྱོབ་སོགས་སྤྱི་ཕན་རྣམ་གྲངས་ལག་བསྟར་བྱས་པ་དང་། “ཨ་ཅག་སློབ་ཁང་གྲོང་གསེབ་ཏུ་གཉེར་བའི”བདེ་ཐང་དང་། བཅའ་ཁྲིམས། སྲིད་ཇུས་བཅས་ཁྱབ་གདལ་གཏོང་བའི“གཤམ་སྐྱེལ་གསུམ”གྱི་བྱེད་སྒོ་སྤེལ་ནས་ཏང་དང་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གི་དྲོ་སྐྱིད་དུས་ཐོག་ཏུ་བུད་མེད་དང་བྱིས་པ་ཚོས་ཚོར་ཐུབ་པར་བྱས་ཡོད།