དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • སྲོལ་གསར་སྤྱོད་བཟང་ས་མཐོའི་ས་གཞི་ཆེན་པོར་དར་བར་བྱེད་དགོས།

    —— རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་སྔར་བས་བྱེད་པའི་ལས་དོན་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |     སྤེལ་དུས།  2025-02-09

    སྤྱོད་ཚུལ་ནི་ཁྱབ་བསྒྲགས་ཤིག་དང་། བྱ་སྤྱོད་ནི་སྟོབས་ཤུགས་ཤིག་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་དང་གཟུགས་བརྙན་དང་། ལས་སྒྲུབ་ཀྱི་རྣམ་འགྱུར། འབད་འཐབ་ཀྱི་རྣམ་པ་བཅས་ཏང་གི་གསར་གཏོད་ནུས་པ་དང་། གོང་བུ་སྒྲིལ་ཤུགས། འཐབ་འཛིང་ནུས་པ་བཅས་དང་ཐད་ཀར་འབྲེལ་བ་ཡོད་ལ། བྱ་གཞག་རྒྱལ་ཕམ་དང་བློ་ཕྱོགས་གཏད་མིན་དང་ཡང་འབྲེལ་བ་ཡོད།

    ཟླ་2ཚེས་7ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་སྔར་བས་བྱེད་པའི་སྐུལ་སྤེལ་ཚོགས་འདུ་འཚོཌ་ནས། སྤྱོད་ཚུལ་འཛུགས་སྐྱོང་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཉམས་མྱོང་ལ་ཕྱོགས་སྡོམ་དང་ངོས་འཛིན་ཟབ་ཏུ་སྔར་བས་བཏང་བ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་ཡོད། དེ་ནི་སྐབས་བཅུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་2021ལོའི་ལོ་མཇུག་ནས་བཟུང་། ལོ་བཞི་བསྟུད་མར་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་ཆེད་དོན་བཀོད་སྒྲིག་བྱས་པས། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་སེམས་ཤུགས་གཅིག་སྒྲིལ་གྱིས་བྱ་གཞག་སྒྲུབ་པ་དང་བློ་རྩེ་གཅིག་སྒྲིམ་གྱིས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་གདེང་ཚོད་དང་ཆོད་སེམས་གང་ལེཌ་མངོན་ཡོད་ལ། སྤྱོད་ཚུལ་འཛུཌ་སྐྱོང་ལྷོད་གཡེང་དུ་མི་གཏོང་བ་དང་། གོམ་པ་སྤོ་མཚམས་མི་འཇོག་པ། སླར་ཡང་རྡོག་ཐོན་བཅས་ཀྱི་མངོན་གསལ་དོད་པའི་བརྡ་རྟགས་མུ་མཐུད་བཏང་ཡོད།

    སྤྱོད་བཟང་གངས་ལྗོངས་ས་མཐོར་དར། སྲོལ་གསར་རླུང་བུ་ས་མཐོར་ལྡང་། སྐབས་བཅུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་དང་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་དང་། རང་ངོས་གསར་བརྗེ་མཐར་ཕྱིན་བྱེད་པའི་སྙིང་སྟོབས་དང“སྤྱོད་ཚུལ་བཞི”ཡོ་བསྲང་མཐའ་གཅིག་ཏུ་བྱེད་པའི་ཆོད་སེམས་བརྟན་པོ་མཐའ་འཁྱོངས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་པར་བརྟེན་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མུ་མཐུད་འབད་བརྩོན་བྱས་པ་བརྒྱུད། རང་ལྗོངས་ཀྱི་ཏང་སྲོལ་སྲིད་སྲོལ་གྱི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོར་དམ་པ་དོན་གཉེར་དང་། དངོས་འཛིན་དངོས་སྒྲུབ། དངོས་དོན་དོན་གཉེར་བཅས་ཀྱི་སྤྱོད་ཚུལ་རིམ་བཞིན་ཆགས་པ་དང་། ཐེག་པ་འཁུར་ལེན་དང་། ལས་སྒྲུབ་ལས་གཏོད། དམངས་ཆེད་དོན་གཉེར་བཅས་ཀྱི་གཟུངས་མདངས་ཉམས་གསུམ་སྔར་བས་ཆེ་རུ་ཕྱིན་པ། ལྗོངས་ཡོངས་ཀྱི་གོང་འོག་ཚང་མ་བློ་སེམས་གཅིག་མཐུན་དང་ལས་དོན་ཧུར་ཐག་སྒྲུབ་པའི་ལས་ཀའི་རྣམ་པ་བཟང་པོ་ཞིག་ཆགས་པ་དང་འབྲེལ་རྒྱུན་ཆད་མེད་པར་སྲ་བརྟན་དུ་ཕྱིན་ཏེ། མི་རིགས་ཁག་གི་མང་ཚོགས་ཚོས་སྤྱོད་ཚུལ་འཛུགས་སྐྱོང་ལས་བྱུང་བའི་རྣམ་པ་གསར་པ་དང་གྲུབ་འབྲས་གསར་པ་དངོས་སུ་ཚོར་ཐུབ་པ་བྱུང་ཡོད།

    ལག་ལེན་གསར་པའི་རྨང་གཞིའི་ཐོག་རྟག་ཏུ་དཔྱོད་ཤེས་ཀྱི་ངོས་འཛིན་གསར་པ་ཐོན་ངེས་དང་། ངོས་འཛིན་གསར་པ་སླར་ཡང་ལག་ལེན་དུ་བསྟར་ཚེ། གཞི་ནས་ལས་དོན་ཁག་ལ་གསར་གཏོད་འཕེལ་རྒྱས་དང་གཡུར་ཟའི་གྲུབ་འབྲས་ཐོན་པར་སྐུལ་འདེད་གཏོང་ཐུབ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འཆར་གཞི་མཐའ་གཅིག་ཏུ་ལག་བསྟར་དང་དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་གི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བའི་ཁྲོད་ངེས་པར་དུ་ཆབ་སྲིད་ཀྱི་ཁྲིད་སྟོན་མཐའ་འཁྱོངས་བྱས་ནས་བསམ་བློའི་ངོས་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། ངེས་པར་དུ་ལྟེ་བར་དམིགས་རྒྱུ་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། ངེས་པར་དུ་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ནས་མང་ཚོགས་ཀྱི་ལམ་ཕྱོགས་སུ་ཡག་པོ་སྐྱོད་པ། ངེས་པར་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་བཅོས་སྒྲིག་གནད་སྨིན་བྱེད་པ། ངེས་པར་དུ་གོང་འོག་དཔེ་སྟོན་མཐའ་འཁྱོངས་བྱས་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་པ། ངེས་པར་དུ་རྩ་ལག་མཉམ་བཅོས་མཐའ་འཁྱོངས་བྱས་ནས་ལམ་ལུགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། “ངེས་པར་དྲུག”ནི་རང་ལྗོངས་ཀྱིས་ཏང་སྲོལ་སྲིད་སྲོལ་ལ་རྒྱུན་ཆད་མེད་པར་གསར་གཏོད་དང་། སྤྱི་ཚོགས་ཀྱི་སྤྱོད་ཚུལ་ལེགས་གཏོང་། མི་སེམས་ཀྱི་ངར་ཤུགས་ཆེར་གཏོང་བཅས་ཀྱི་བློ་འབྱེད་དངོས་ཡིན་པ་མ་ཟད། རང་ལྗོངས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་བའི་རྩ་ཆེའི་ཉམས་མྱོང་འདུས་ཡོད་པས། ངེས་པར་དུ་དེ་ཉིད་སྤྱོད་ཚུལ་འཛུགས་སྐྱོང་གི་ལས་དོན་ཁག་གི་ཁྲོད་མངོན་པར་བྱེད་པ་དང་ལས་འགན་ཁག་དམ་འཛིན་དང་དོན་འཁྱོལ་བྱེད་པའི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་མངོན་པར་བྱེད་དགོས།

    དཔྱིད་ཀར་ལོ་ཏོག་བཏབ། སྟོན་ཁར་འབྲས་བཟང་སྨིན། ང་ཚོས་འགོ་འཛུགས་ས་གསར་པར་འབད་འབུངས་ཀྱི་ངར་ཤུགས་དང་། དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས། འབད་འཐབ་ཀྱི་རྣམ་འགྱུར་བཅས་ཀྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་པའི་ཕུགས་འདུན་ལ་དམིགས་ཏེ། བརྗིད་ཆེའི་དམིགས་ཚད་དང་དོན་དངོས་དམིགས་ཚད་ཟུང་འབྲེལ་དང་། ཕུགས་བསམ་ཆེན་པོ་དང་བྱ་སྤྱོད་དངོས་ཟུང་འབྲེལ། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། འབད་འབུངས་ཡར་བརྩོན་གྱིས་བྱ་གཞག་སྒྲུབ་པ། གྲ་སྒྲིག་ཨང་བསར་གྱིས་རྣམ་པ་གསར་པ་གཏོད་པ། གཟེར་འདེབས་ཀྱི་སྙིང་སྟོབས་བཅངས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ས་མཐོའི་ས་གཞི་ཆེ་མོར་ལག་བསྟར་དོན་འཁྱོལ་དང་ཕན་འབྲས་ཐོན་པ་བཅས་བྱས་ཏེ། སྲོལ་གསར་སྤྱོད་བཟང་ལ་བརྟེན་ནས་དམངས་སེམས་ཀྱི་ཞིང་ས་བརླན་པ་དང་བྱ་གཞག་གཏོད་ཁར་ང་ཚོས་འབད་བརྩོན་ལྷོད་མེད་བྱས་ནས་འབད་འབུངས་མདུན་སྐྱོད་ཀྱི་བོད་ལྗོངས་ལ་ལེགས་སྐྱེས་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།