དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “གོ་ལ་ཧྲིལ་པོ་མཉམ་ལས”བྱས་ནས་འཛམ་གླིང་གི་དཔལ་འབྱོར་འཕར་བར་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   ཡན་ཧོན། ཞེ་ཡཱ་ཧུང་།   |     སྤེལ་དུས།  2025-02-08

    2017ལོ་ནས་བཟུང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་བྱེད་སྒོར་ཐེངས་གསུམ་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་ནས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་རྒྱབ་སྐྱོར་དང་། ཕྱོགས་མང་རིང་ལུགས་སྲུང་སྐྱོང་དང་ལག་བསྟར། མཛེས་སྡུག་ལྡན་པའི་འཛམ་གླིང་ཐུན་མོང་ཐོག་གཏོད་པའི་འབོད་སྒྲ་གྲགས་ཡོད། མིག་སྔར། འཛམ་གླིང་གི་དཔལ་འབྱོར་དལ་གྱིས་སླར་གསོ་བྱེད་བཞིན་ཡོད་མོད། འོན་ཀྱང་འགྲན་སློང་ཡང་མི་ཉུང་བ་ཞིག་འཕྲད་ཡོད། འཛམ་གླིང་གི་ས་ཁུལ་མི་འདྲ་བ་དང་རྒྱལ་ཁབ་ཁག་ནས་ཡོང་བའི་ལས་རིགས་ཁག་གི་མི་སྣས། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་2025ལོའི་ལོ་ཚོགས་ཀྱི་བརྗོད་དོན་གཙོ་བོ“རིག་ནུས་དུས་རབས་ཀྱི་མཉམ་ལས”ལ་དམིགས་ཏེ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐབས་ལམ་ལ་ཐུན་མོང་ཐོག་གྲོས་བསྡུར་བྱས་ནས་འབྱུང་འགྱུར་འཕེལ་རྒྱས་ཀྱི་གོ་སྐབས་འཚོལ་ཞིབ་བྱེད་བཞིན་ཡོད། ཕྱོགས་ཁག་གིས་ཀྲུང་གོའི་ཇུས་གཞི་དང་ཀྲུང་གོའི་བློ་གྲོས་ཀྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་དང་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་ཆེད་མུ་མཐུད་དྲང་ནུས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།

    མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཟླ་དང་པོའི་ཟླ་འགོར《2025ལོའི་འཛམ་གླིང་དཔལ་འབྱོར་དུས་བབ་དང་རྒྱང་ལྟའི》སྙན་ཞུ་ཁྱབ་བསྒྲགས་བྱས་ནས་2025ལོའི་འཛམ་གླིང་དཔལ་འབྱོར་2.8%འཕར་རྒྱུ་ཡིན་པ་དང་2024ལོ་དང་སྙོམས་པའི་སྔོན་དཔག་བྱས་ཡོད། སྙན་ཞུའི་ནང་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་མཉེན་ཆ་ངེས་ཅན་ཞིག་མངོན་པ་དང་ཕན་ཚུན་བརྩེགས་སྣོན་གྱི་ཕོག་ཐུག་རབ་དང་རིམ་པ་ཁྱད་བསད་ཐུབ་མོད། འོན་ཀྱང་མ་འཇོག་ལ་ཚོང་མི་རྒྱུག་པ་དང་ཐོན་སྐྱེད་ཀྱི་ལས་ཕྱོད་ཞན་པ་སོགས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཚད་དེ་སྔར་བཞིན་ཏོག་གསར་རིམས་ནད་མ་ཐོན་གོང་གི་ཆ་སྙོམས་ཆུ་ཚད་3.2%ལས་དམའ་བ་ཡོད་པ་རེད།

    2017ལོའི་ཟླ་དང་པོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་2017ལོའི་ལོ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་འགོ་བརྗོད་དུ《དུས་རབས་ཀྱི་འགན་འཁྲི་ཐུན་མོང་ཐོག་འཁུར་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས》ཞེས་པའི་བཞེད་དོན་གཙོ་བོའི་གསུང་བཤད་གནང་སྟེ། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལས་བྱུང་བའི་གོ་སྐབས་དང་འགྲན་སློང་གི་མདུན་དུ་ཡང་དག་པའི་གདམ་ག་ནི་གོ་སྐབས་ཡོད་ཚད་བེད་སྤྱོད་གང་ལེགས་ཀྱིས་མཉམ་ལས་བྱས་ནས་འགྲན་སློང་ཡོད་ཚད་ལ་ཁ་གཏད་གཅོག་པ་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ཕྱོགས་སུ་ཁྲིད་སྟོན་ཡག་པོ་བྱ་རྒྱུ་དེ་ཡིན། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་མགོ་བོ་འདེགས་པའི་གནས་ཚུལ་འཕྲད་སྐབས། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་ཆུ་ཚད་མཐོ་བའི་སྒོ་དབྱེ་རྒྱ་ཆེར་གཏོང་བ་དང་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱིས་རྒྱལ་ཁབ་ཚང་མ་དང་མི་རིགས་ཚང་མར་དེ་བས་ལེགས་པའི་ཕན་པ་ཐོབ་རྒྱུར་འབད་བརྩོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    “འཛམ་གླིང་ཐོག་གི་གནས་ཚུལ་རྙོག་འཛིང་ཆེ་བས་ཐག་གཅོད་བྱེད་ཐབས་ནི་ཕྱོགས་མང་རིང་ལུགས་སྲུང་སྐྱོང་དང་ལག་བསྟར་བྱེད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན” 2021ལོའི་ཟླ་དང་པོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི“ཏ་ཝོ་སི་གྲོས་རིམ”གླེང་མོལ་ཚོགས་འདུའི་ཐོག་འགོ་བརྗོད་དུ《ཕྱོགས་མང་རིང་ལུགས་ཀྱི་དཔལ་འབར་གྱིས་མིའི་རིགས་ཀྱི་མདུན་སྐྱོད་ལམ་བུ་གསལ་བར་བྱེད་དགོས》ཞེས་པའི་དམིགས་བསལ་གྱི་ཤིས་ཚིག་གནང་ནས། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ཏེ་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་མཉམ་ལས་ཀྱིས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་དགོས་པའི་རེ་འབོད་གནང་བ་རེད།

    ཉེ་བའི་ལོ་ཤས་རིང་། ཀྲུང་གོས་འཛམ་གླིང་དཔལ་འབྱོར་འཕར་བར་ལོ་རེར་ལེགས་སྐྱེས་ཕུལ་ཚད་སྤྱིར་ན་30%ཡས་མས་ཟིན་པ་དང་དེ་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་ཡོང་བའི་སྒུལ་ཤུགས་འབྱུང་ཁུངས་ཆེ་ཤོས་དེ་ཡིན། འཛམ་གླིང་དངུལ་ཁང་གི་སྙན་ཞུ་གསར་ཤོས་ནང་ངོས་འཛིན་བྱས་དོན། ཀྲུང་གོའི་དཔལ་འབྱོར་མུ་མཐུད་འཕར་བཞིན་ཡོད་པ་དང་གཞི་ཆེན་སྲིད་ཇུས་ཀྱི་ནུས་ཤུགས་ཀྱིས་དཔལ་འབྱོར་སྔར་བས་འཕེལ་རྒྱས་འགྲོ་བ་དང་། མཉེན་ཆ་དེ་ཀྲུང་གོའི་དཔལ་འབྱོར་ཡུན་རིང་འཕེལ་རྒྱས་ཁྲོད་ལེགས་པོ་དང་བརྟན་པོ་སྤྱིར་ན་ཆགས་པ་ལས་བྱུང་བ་ཞིག་ཡིན། ཀྲུང་གོའི་ཐོན་ལས་མ་ལག་འཐུས་སྒོ་ཚང་བ་དང་། གཉེར་སྐྱོང་བྱེད་པོའི་རིགས་མང་བ། ཁོར་ཡུག་གི་འགྱུར་ལྡོག་ལ་བསྟུན་ཐུབ་པའི་ནུས་པ་ཆེ་བ། གྲོང་མིའི་གསོག་དངུལ་མང་བ། དཔལ་འབྱོར་འཕར་ཆག་གི་གནས་ཚུལ་ལ་བསྟུན་ཐུབ་པའི་ནུས་པ་ཡང་ཅུང་ཆེ་བས། ཀྲུང་གོར་ཉེན་འགོག་གི་ནུས་པ་ཆེན་པོ་ལྡན་ཡོད།

    2024ལོའི་ཟླ་12པར། ཀྲུང་གོར“1+10”གླེང་མོལ་ཚོགས་འདུར་ཕེབས་པའི་རྒྱལ་སྤྱིའི་དཔལ་འབྱོར་རྩ་འཛུགས་ཀྱི་འགན་འཁུར་བས། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལམ་ལ་མཐོང་ཆེན་བྱས་པ་མ་ཟད། འཛམ་གླིང་རྒྱལ་ཁབ་ཁག་གིས་མིག་རྒྱང་ཀྲུང་གོར་ཕྱོགས་ལ། ཀྲུང་གོས་འཛམ་གླིང་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་གྱི་ནུས་པ་མུ་མཐུད་འདོན་སྤེལ་བྱ་རྒྱུའི་རེ་བ་དང་ཡིད་ཆེས་ཡོད་ཅེས་བཤད་པ་རེད།

    འདི་ལོའི་ཟླ་1ཚེས་14ཉིན། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཐོག་གསར་གཏོད་བཟོ་སྐྲུན་ཁེ་ལས་17གོ་ལ་ཧྲིལ་པོའི་སྒྲོན་སྟེགས་དྲ་རྒྱའི་ནང་ཞུགས་རྒྱུའི་ཁྱབ་བསྒྲགས་བྱས་པའི་ནང་ཁེ་ལས་སམ་བཟོ་གྲྭ་8ཀྲུང་གོར་གནས་པས་ཐོན་སྐྱེད་ལས་ཕྱོད་དང་། མཁོ་སྤྲོད་སྦྲེལ་ཐག་གི་མཉེན་ཆ། རྒྱུན་མཐུད་ཆོག་པའི་གསར་གཏོད་སོགས་ཀྱི་ཐད་ཀྲུང་གོ་འདི་ཉིད་འཛམ་གླིང་གི་ཆུ་ཚད་རྩེར་སོན་དུ་སླེབས་པ་མཚོན་གྱི་ཡོད།

    འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་ཉེ་ཆར་ལོ་འཁོར་གྱི་སྙན་ཞུ་གཙོ་བོ《གོ་ལ་ཧྲིལ་པོའི་མཉམ་ལས་ཀྱི་སྔོན་དཔག་རེའུ་མིག》ཁྱབ་བསྒྲགས་བྱས་ནས་ནན་བཤད་བྱས་དོན། ལག་རྩལ་འཕོ་འགྱུར་དང་ལྷག་པར་དུ་སྔོན་ཐོན་ལག་རྩལ་གྱིས་གོ་ལ་ཧྲིལ་པོའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་ཐོན་ཡོད། ཀྲུང་གོས་སྒོ་དབྱེ་བསྟུན་མཁས་ཀྱི་ཚན་རྩལ་མཉམ་ལས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་ཁག་དང་ཚན་རྩལ་གསར་གཏོད་གྲུབ་འབྲས་མཉམ་སྤྱོད་བྱས་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་དགོས།

    ཀྲུང་གོའི་སྲུང་སྐར་ཕྱོགས་སྟོན་དང་། 5G དྲ་ཐོག་ཚོང་དོན་སོགས་འཕེལ་རྒྱས་ཀྱི་ཉམས་མྱོང་དག་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པ་བརྒྱུད་གོ་ལ་ཧྲིལ་པོར་ཁྱབ་པ་དང་། བྱང་ཆུབ་པའི་གློག་སྒུལ་རླངས་འཁོར་དང་འོད་ཤུགས་སོགས་ལག་རྩལ་གྱིས་ལྗང་མདོག་དང་ཐཱན་ཉུང་ཕྱོགས་སྒྱུར་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་པ། 《གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་ཀྱི་བཅོས་སྐྱོང་གྲོས་འགོ》བཏོན་ནས་མི་ཐབས་རིག་ནུས་ཀྱི་རྒྱལ་སྤྱིའི་བཅོས་སྐྱོང་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་མི་ཐབས་རིག་ནུས་ཀྱིས་དགེ་བརྩོན་དང་མིའི་རིགས་ཡོངས་ལ་བདེ་སྐྱིད་བསྐྲུན་ཐུབ་པའི་འགན་ལེན་བྱེད་དགོས་པའི་རེ་འབོད་བྱས་པ་རེད།

    གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་སྣེ་ཁྲིད་བྱེད་པ་དང་ཐུན་མོང་ཐོག་དེང་རབས་ཅན་དུ་བསྐྱོད་པ་ནས་ཕྱོགས་མང་ཚོང་དོན་གྲོས་མོལ་དང་གནམ་གཤིས་འགྱུར་ལྡོག་གནད་དོན་སྐོར་གྱི་གྲོས་མོལ་ཁྲོད་ནུས་པ་དེ་བས་གལ་འགངས་ཆེ་བ་འདོན་སྤེལ་བྱེད་པའི་བར་ཀྲུང་གོ་ནི་ཕྱོགས་མང་རིང་ལུགས་ཀྱི་ཀ་རྟེན་གལ་ཆེན་ཞིག་དང་། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མེད་དུ་མི་རུང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

    (འདི་ག་ཚགས་པར་ཁང་དུ་སུའེ་ཙེར་གྱི་ཏ་ཝོ་སི་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།