ཀྲེ་ཅང་ཅིན་ཧྭ་རུ་ཕྱི་རྒྱལ་སློབ་མས་མངོན་མིན་རིག་གནས་ཤུལ་བཞག་མྱོང་རོལ་བྱེད་པ།
ཉིན་ཤས་གོང་། ཀྲེ་ཅང་དགེ་འོས་སློབ་ཆེན་གྱི་ཕྱི་རྒྱལ་སློབ་མ་བཅུ་གྲངས་ཁ་ཤས་ཀྱིས་ཅིན་ཧྭ་གྲོང་ཁྱེར་ཝུའུ་ཀྲོའུ་གནའ་གྲོང་དུ་ཀྲུང་གོའི་སྲོལ་རྒྱུན་གྱི་རི་མོའི་རླུང་གཡབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་མྱོང་རོལ་བྱས་ནས། ཀྲུང་གོའི་དཔྱིད་གསར་དུས་ཆེན་རིང་སྲོལ་རྒྱུན་རིག་གནས་ཀྱི་ཉམས་འགྱུར་ཚོར་བ་བྱས་ཤིང་། འདི་ནི་ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་ཝུའུ་ཀྲོའུ་གནའ་གྲོང་མངོན་མིན་རིག་གནས་ཤུལ་བཞག་མྱོང་རོལ་ཁང་དུ་ཀྲེ་ཅང་དགེ་འོས་སློབ་ཆེན་གྱི་ཕྱི་རྒྱལ་སློབ་མས་རླུང་གཡབ་ཐོག་རི་མོ་འབྲི་བཞིན་པ།