ཅང་སུའུ་ནན་ཅིང་དུ་སྦྲུལ་ལོའི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐོག་མར་གཏོང་འགོ་ཚུགས་པ།
ཉེ་ཆར། འཁལ་འཐག་ཐོན་རྫས་དང་། རླངས་འཁོར་གྱི་ལྷུ་ལག གློག་རྡུལ་འཕྲུལ་ཆས་སྒྲིག་ཆས་སོགས་དངོས་ཟོག་དོས་སྒམ་110བླུགས་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཞིག་ནན་ཅིང་ལྕགས་ལམ་ཟོག་འགྲེམས་ལྟེ་གནས་ཡའོ་ཧྭ་མོན་བབས་ཚུགས་ཀྱི་ཟོག་ར་ནས་ཨུ་རུ་སུའི་མོ་སི་ཁོར་སྐྱོད་འགོ་ཚུགས་ཡོད། དེ་ནི་སྦྲུལ་ལོར་ནན་ཅིང་ནས་ཐོན་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐོག་མ་དེ་རེད། འདི་ནི་ནན་ཅིང་ལྕཌ་ལམ་ཟོག་འགྲེམས་ལྟེ་གནས་ཡའོ་ཧྭ་མོན་བབས་ཚུགས་ཀྱི་ཟོག་ར་ནས་དོས་སྒམ་བྱུར་བུར་བླུགས་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐོན་རྩིས་བྱེད་བཞིན་པ།