དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཤིང་སྦྲུལ་ལོའི་ལོ་གསར་ལ་མཉམ་དུ་རྟེན་འབྲེལ་ཞུས་ཏེ་ཀྲུང་ཧྭའི་རིག་གནས་ཀྱི་ངོ་མཚར་ལ་མྱོང་རོལ་བྱེད་པ།

    —— “སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་བྱེད་སྒོ་རྒྱལ་ཁབ་མང་པོར་སྤེལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-02-07

     ཉེ་ཆར། ཕ་ན་མའི་རྒྱལ་ས་ཕ་ན་མ་གྲོང་ཁྱེར་གྱི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན་གྱི་ཚོགས་མཆོད་ལ་འཕྲུལ་མིས་ཡུལ་སྐོར་བར་ཀྲུང་གོའི་ཇ་སྐྱེལ་བཞིན་པ།

     ཉེ་ཆར། ནེའུ་ཙི་ལན་གྱི་རྒྱལ་ས་ཝེ་ལིང་ཐོན་རུ་རིགས་རྒྱུད་མང་པོས་སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན་དགའ་སྤྲོའི་ངང་བསུ་བའི་བྱེད་སྒོའི་རིང་། ས་ཆ་དེ་གའི་ཡུལ་མིས་ཀྲུང་གོའི་ཡིག་གཟུགས་འགྲེམས་སྟོན་བྱེད་བཞིན་པ།

     ཉེ་ཆར། ཨ་རིའི་རྒྱལ་ས་ཝ་ཧྲིང་ཐོན་དུ་ཀྲུང་གོའི་ཀྲུང་དབྱང་པ་ལེ་ཞབས་བྲོ་ཚོགས་པའི་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་ཞབས་བྲོ《ལོ་གསར་གཏོང་བ》ཞེས་པ་ཁེན་ནི་ཏིའི་འཁྲབ་སྟོན་སྒྱུ་རྩལ་ལྟེ་གནས་སུ་ཐེངས་དང་པོ་འཁྲབ་པ།

     ཉེ་ཆར། ཨུ་རུ་སུའི་ཧྲེང་པི་ཏེ་པའོ་ཡི་སློབ་མས་སློབ་གྲྭ་འབྲིང་ཆུང་གི་དཔྱིད་གསར་དུས་ཆེན་མཉམ་སྤྲོའི་འདུ་ཚོགས་སྐབས། ཀྲུང་གོའི་ཡིག་གཟུགས་ཉམས་ལེན་བྱེད་བཞིན་པ།

    ཉིན་ཤས་བསྟུད་མར། ལུགས་རྙིང་ཤིང་སྦྲུལ་ལོའི་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་བྱེད་སྒོ་རྒྱལ་ཁབ་མང་པོར་སྤེལ་ཞིང་། སེང་རྩེད་ལ་ལྟ་བ་དང་། ཀྲུང་གོའི་ཡིག་གཟུགས་ཉམས་ལེན་བྱེད་པ། ཀྲུང་ཧྭའི་ཞིམ་ཟས་ཀྱི་བྲོ་བ་མྱོང་བ་ལ་སོགས་ཀྲུང་ཕྱིའི་དམངས་ཚོགས་ཀྱིས་ཤིང་སྦྲུལ་ལོའི་ལོ་གསར་ལ་མཉམ་དུ་རྟེན་འབྲེལ་ཞུས་ཏེ། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་ངོ་མཚར་ལ་མྱོང་རོལ་བྱས་པ་རེད།

    2025ལོའི་ཧ་ཝ་ནའི“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”ཞེས་པའི་ཀྲུང་གོའི་ཚོགས་མཆོད་སྐབས་དང་པོ་ཁུ་པའི་རྒྱལ་ས་ཧ་ཝ་ན་རུ་གཉེར་བ་དང་། ཧ་ཝ་ན་ཞིང་ཆེན་གྱི་ཧྲེང་ཀྲང་ཨེར་ནན་ཏེ་སི་དང་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་འཐུས་མི་སོགས་ལས་རིགས་ཁག་གི་མི་སྣ་200ཙམ་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།

    རི་པིན་གྱི་གྲོང་ཁྱེར་ཅིང་ཏུའུ་རུ་ཆགས་པའི་ཡུས་ཀྲི་དབན་ཧྥུའུ་དགོན་པར་སྤེལ་བའི“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་བྱེད་སྒོར་རི་པིན་གྱི་ཧོང་པོ་ཙུང་གྲུབ་མཐའི་འགོ་འཛིན་དང་དབན་ཧྥུའུ་དགོན་པའི་མཁན་པོ་ཅིན་ཐེང་པོ་ཏའོ་ཡིས་འགོ་ཚུགས་མཛད་སྒོར“ཧྥུའུ”ཞེས་པའི་རྒྱ་ཡིག་བྲིས་ནས། “འདི་ལོ་ནི་ཚང་མའི་ངོས་ནས་བརྗོད་ན་འོད་སྟོང་འཕྲོ་བའི་ལོ་ཞིག་ཡིན་པའི་རེ་བ་ཡོད”ཅེས་ཚང་མར་ལོ་གསར་གྱི་སྨོན་འདུན་ཞུས་པ་རེད།

    འབར་མའི་གྲོང་ཁྱེར་རང་ཀོང་དུ་སྤེལ་བའི་2025ལོའི“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན་གྱི་དགའ་ནེའུ”བྱེད་སྒོའི་རིང་། འབར་མའི་ཙུང་ལི་གཞོན་པ་དང་སྲིད་གཞུང་གི་ཙུང་ལིའི་གཞུང་ལས་ཁང་གི་པུའུ་ཀྲང་གཅིག་ལྕོགས་ཏིང་ཨང་ཧྲན་དང་། འབར་མར་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ། འབར་མའི་ལས་རིགས་ཁག་གི་མཛའ་གྲོགས་མི་སྣ་སོགས་མི་ཆིག་སྟོང་ལྷག་ཙམ་མཉམ་དུ་འཛོམས་ནས་ལོ་གསར་ལ་རྟེན་འབྲེལ་ཞུས་པ་རེད།

    མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ས་ཨུ་ལན་དཔའ་ཐུལ་དུ་2025ལོའི“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན། མཛེས་སྡུག་ལྡན་པའི་མཚོ་སྔོན”ཞེས་པའི་གློག་བརྙན་གཟའ་འཁོར་འགོ་ཚུགས་པ་རེད། གློག་བརྙན་ནང《ལི་དབར་ཁྲི་བརྒྱད》དང《མཚོ་སྔོན་པོ། ང་ཚོའི་རྒྱལ་ཁབ་སྤྱི་གླིང》སོགས་མཚོ་སྔོན་གྱི་རང་བྱུང་མཛེས་ལྗོངས་དང་མི་ཆོས་རིག་གནས་ཀྱི་ལོ་རྒྱུས་མཚོན་པའི་བརྩམས་ཆོས་ཕུལ་བྱུང་ཚུད་ཡོད་ཅིང་། ལྟད་མོ་བས་མཚོ་སྔོན་གྱི་མཛེས་སྡུག་དང་ངོ་མཚར་མྱོང་ཚོར་ཐུབ་ཡོད།

    སི་རི་ལན་ཁའི་རྒྱལ་ས་ཁོ་ལོན་པོ་རུ་སྤེལ་བའི“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན། ཀྲུང་ཧྭའི་རིག་གནས་དུས་ཆེན”གྱི་བྱེད་སྒོའི་རིང་། སི་རི་ལན་ཁའི་ཙུང་ལི་ཨཱ་མ་ལ་སུའུ་ལི་ཡ་འགོ་ཚུགས་མཛད་སྒོར་ཞུཌ་པ་རེད།

    “དྲོ་སྐྱིད་ལྡན་པའི་དཔྱིད་དུས་བསུ། དཔྱིད་གསར་དུས་ཆེན་དགའ་གཏོང་བྱེད”ཅེས་པའི་2025ལོའི་ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་སྐོར་སྐྱོད་ཆེན་པོའི་འགོ་ཚུགས་མཛད་སྒོ་ཨ་རབ་ཚོ་དཔོན་མཉམ་འབྲེལ་གྱི་གྲོང་ཁྱེར་ཏི་པའེ་རུ་གཟབ་རྒྱས་ངང་འགོ་ཚུགས་པ་དང་། ཀྲུང་གོའི་རླངས་འཁོར་ཁེ་ལས་དང་བརྒྱུད་ཚོང་ཚོང་པ་13གྱིས་རླངས་འཁོར་60ལྷག་ཙམ་འགྲེམས་སྟོན་བྱས་པ་རེད།

    ཧྥིན་ལན་གྱི་རྒྱལ་ས་ཧེར་སིན་ཁིའི་གྲོང་ཁྱེར་གྱི་ལྟེ་གནས་སུ་ཀྲུང་གོའི་དཔྱིད་གསར་དུས་ཆེན་གྱི་ཚོགས་མཆོད་དང་ཨེ་ཤེ་ཡའི་རིག་གནས་དུས་ཆེན་གྲ་རྒྱས་པོ་ཞིག་བཏང་ཞིང་། ཚོགས་མཆོད་རིང་ཀྲུང་གོ་དང་དེ་བཞིན་ཨེ་ཤེ་ཡའི་རྒྱལ་ཁབ་གཞན་དག་གི་ཞིམ་ཟས་དང་། ཀྲུང་གོའི་སྲོལ་རྒྱུན་གྱི“མངོན་མིན་རིག་གནས་ཤུལ་བཞག”རྣམ་གྲངས་འགྲེམས་སྟོན། ཧྥིན་ལན་གྱི་ལུས་རྩལ་ཉམས་ལེན་ས་ཚིགས་སོགས་ཚུད་པའི་ཁྲོམ་བཀྱག་30ཙམ་བཙུགས་ཡོད་པ་དང་། དེ་དག་གིས་ཡུལ་སྐོར་བ་འབོར་ཆེན་གྱི་ཡིད་དབང་འཕྲོག་ནས་ས་རུབ་ནའང་ད་དུང་མི་ཚོགས་ཀྱིས་ཁེངས་ཡོད་པ་རེད།

    ལ་ཐེ་ཝེ་ཡ་རུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་རི་ཀིའི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱིས་ཐུན་མོང་དུ“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”ཞེས་པའི་ཀྲུང་གོའི་འགྱུར་ཁུག་གི་ཆེད་དོན་རོལ་དབྱངས་འདུ་ཚོགས་དང་ལོ་གསར་གྱི་སྣེ་ལེན་ཚོཌ་འདུ་འཚོགས་པ་རེད། ཝུན་དབྱིན་འབྲི་ཆུའི་ལྷོ་རྒྱུད་འབུད་གཏོང་རོལ་དབྱངས་ཚོགས་པས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་རོལ་དབྱངས་དཀྲོལ་ཞིང་། ས་གནས་ས་ཐོག་གི་རྣམ་པ་འཁྲུག་ཆ་དོད་ལ་སྤྲོ་སྣང་དང་བཀྲ་ཤིས་པ་ཞིག་ཡོད་པས་ཀྲུང་གོའི་ལོ་གསར་གྱི་རྣམ་པ་ཟབ་མོ་ཡོད།

    ཧོ་ལན་གྱི་ཧའེ་ཡ་ཁྲོམ་གཞུང་དུ“ཀྲུང་གོ་སྐུ་ཁམས་བཟང”ཞེས་བྲིས་པ་དང་། རླངས་འཁོར་དམར་པོའི་སྟེང་དུ་སྙིང་རྗེ་བའི་སྦྲུལ་དབྱིབས་ཀྱི་འགུལ་རིས་བྲིས་པའི“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་རྒྱན་སྤྲས་གློག་འཁོར་ཞིག་བཏང་ཡོང་ནས། འདི་ལོའི་ཧོ་ལན་གྱི“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་འགོ་ཚུགས་པ་རེད།

    པེ་ནི་ནའི་གྲོང་ཁྱེར་ཁོ་ཐུའོ་ནུའུ་རུ་གནས་པའི་པེ་ནི་ནའི་ཀྲུང་གོའི་རིག་གནས་ལྟེ་གནས་སུ་ལྒང་བཞུ་བཀལ་ནས་འཁྲུག་ཆ་ཧ་ཅང་དོད་པོ་ཡོད། སྒོ་འགྲམ་གྱི་རྡོའི་སེང་གེར་ཁ་དཀྲིས་དམར་པོ་དཀྲིས་པ་དང་། སྒོ་རའི་ནང་ལྒང་བཞུ་དམར་པོ་དང་ཤོག་དྲས་འདྲ་གཟུགས་ཀྱིས་མཛེས་རྒྱན་སྤྲས་ཤིང་། ལྟད་མོ་བ་350ལྷག་ཙམ་མཉམ་དུ་འཛོམས་ནས་པེ་ནི་ནར་ཐེངས་དང་པོ་སྤེལ་བའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་མཚན་ཚོགས་བལྟས་པ་རེད།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་པའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།