རང་རྒྱལ་གྱིས་ཨ་རིའི་PVHཚོགས་པ་དང་དབྱིན་མེ་ནཱ་ཀུང་སི་བློས་འགེལ་མི་རུང་བའི་དངོས་ཚན་གསལ་ཐོའི་ནང་འཇུག་རྒྱུ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་བློས་འགེལ་མི་རུང་བའི་དངོས་ཚན་གསལ་ཐོའི་ལས་ཀའི་ལམ་སྲོལ་གྱིས་སྤྱི་བསྒྲགས་ཡོངས་བསྒྲགས་བྱས་ནས། ཨ་རིའི་PVHཚོགས་པ་དང་དབྱིན་མེ་ནཱ་ཀུང་སི(lllumina,lnc.)བློས་འགེལ་མི་རུང་བའི་དངོས་ཚན་གསལ་ཐོའི་ནང་འཇུག་རྒྱུའི་གཏན་འཁེལ་བྱས་པ་རེད།
སྤྱི་བསྒྲགས་ནང་། གོང་གསལ་གྱི་དངོས་ཚན་གཉིས་ཀྱིས་རྒྱུན་ལྡན་གྱི་ཁྲོམ་རའི་ཉོ་ཚོང་རྩ་དོན་དང་འགལ་ནས་ཀྲུང་གོའི་ཁེ་ལས་དང་རྒྱུན་ལྡན་གྱི་ཉོ་ཚོང་བྱེད་མཚམས་བཞག་པ་དང་ཀྲུང་གོའི་ཁེ་ལས་ལ་མཐོང་ཆུང་རང་བཞིན་གྱི་བྱེད་ཐབས་སྤྱད་དེ་ཀྲུང་གོའི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཏང་ཡོད། བློས་འགེལ་མི་རུང་བའི་དངོས་ཚན་གསལ་ཐོའི་ལས་ཀའི་ལམ་སྲོལ་གྱིས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་། གོང་གསལ་གྱི་དངོས་ཚན་ལ་དེ་མཚུངས་ཀྱི་བྱ་ཐབས་སྤྱོད་རྒྱུ་རེད། སྤྱི་བསྒྲགས་ནང་མ་འཁོད་པའི་དོན་གནད་རྣམས《བློས་འགེལ་མི་རུང་བའི་དངོས་ཚན་གསལ་ཐོའི་གཏན་འབེབས》ལྟར་ལག་བསྟར་བྱ་རྒྱུ་དང་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་ལུཌ་བསྟན་ཡོད།