དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དཔྱིད་གསར་དུས་ཆེན་རིང་བོད་དུ་གློག་བརྙན་སྤ་སེ་དང་གློག་བརྙན་ལྟ་མཁན་མི་གྲངས་གཉིས་ཀ་འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-07

     2025ལོའི་དཔྱིད་གསར་དུས་ཆེན་རིང་། བོད་ཀྱི་གློག་བརྙན་ཁྲོམ་རའི་སྤ་སེ་དང་གློག་བརྙན་ལྟ་མཁན་གྱི་མི་གྲངས་གཉིས་ཀ་འཕར་ཡོད། ཟླ་2ཚེས་4ཉིན་གྱི་ཆུ་ཚོད་24པའི་བར། དཔྱིད་གསར་དུས་ཆེན་རིང་བོད་དུ་གློག་བརྙན་སྤ་སེ(ཞབས་ཞུའི་གྲོན་དངུལ་ཚུད་པ)བཙོངས་པར་སྒོར་ཁྲི་751ལྷག་ཙམ་དང་གློག་བརྙན་ལྟ་མཁན་མི་ཐེངས་ཁྲི་15.1ཟིན་ནས་ན་ནིང་གི་དཔྱིད་གསར་དུས་ཆེན་ལས་22.3%དང་16.2%སོ་སོར་འཕར་ཏེ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།

    སྤ་སེའི་ཐད་ལྷ་ས་གྲོང་ཁྱེར་གྱི་སྤ་སེའི་ཡོང་འབབ་སྒོར་ཁྲི་568.3ཟིན་ནས་བོད་ཀྱི་ཨང་དང་པོར་སླེབས་ཏེ་དཔྱིད་གསར་དུས་ཆེན་རིང་གི་བོད་ཀྱི་གློག་བརྙན་སྤ་སེ་འཕར་བར་སྣེ་ཁྲིད་བྱེད་པའི་གཙོ་ཤུགས་དམག་ཏུ་གྱུར་ཡོད། ཉིང་ཁྲི་གྲོང་ཁྱེར་ཨང་གཉིས་པར་སླེབས་པ་དང་སྤ་སེའི་ཡོང་འབབ་སྒོར་ཁྲི་69ཟིན་ཡོད། གཞིས་རྩེ་གྲོང་ཁྱེར་གྱི་སྤ་སེའི་ཡོང་འབབ་སྒོར་ཁྲི་53.98ཟིན་ཡོད། ལྷོ་ཁ་གྲོང་ཁྱེར་དང་། ཆབ་མདོ་གྲོང་ཁྱེར། ནག་ཆུ་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་ཀྱི་སྤ་སེའི་ཡོང་འབབ་སྒོར་ཁྲི་30.12དང་། སྒོར་ཁྲི་13.48 སྒོར་ཁྲི་13.24 སྒོར་ཁྲི་3.2བཅས་སོ་སོར་ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།