དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོས་གཏོང་སྤྲོད་ཞབས་ཞུའི་གྲོན་དངུལ་ཆག་ཡང་བཏང་ནས་ཕན་པ་བཏགས་པ།

    གཏོང་སྤྲོད་འགྲོ་ལུགས་གྲོན་དངུལ་སྒོར་ཁྲི་922.41ཆག་ཡང་དང་རྩ་ཆག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-07

    2021ལོའི་ཟླ་9ཚེས་30ཉིན་གཏོང་སྤྲོད་ཞབས་ཞུའི་གྲོན་དངུལ་ཆག་ཡང་བཏང་ནས་ཕན་པ་འདོགས་པའི་སྲིད་ཇུས་དོན་འཁྱོལ་བྱས་ཚུན། མི་དམངས་དངུལ་ཁང་ཆབ་མདོ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས“གྲོན་དངུལ་ཆག་ཡང་བཏང་ཡང་ཞབས་འདེགས་སྔར་བཞིན་ཡག་པོ་ཞུ་བའི”རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་པའི་ཁར། ཆབ་མདོ་གྲོང་ཁྱེར་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་6ལ་ཞབས་འདེགས་ཡག་པོ་ཞུས་ནས་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུའི་ཁྲིད་སྟོན་བྱས་ཏེ། ཕྲན་ཚེགས་ཁེ་ལས་ཀྱི་གཉེར་སྐྱོང་མ་གནས་ཉུང་དུ་ནུས་ལྡན་བཏང་ཡོད། མིག་སྔའི་བར། རིམ་རྩིས་བརྒྱབ་ན་ཆབ་མདོ་གྲོང་ཁྱེར་གྱི་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ལ་གཏོང་སྤྲོད་འགྲོ་ལུགས་གྲོན་དངུལ་སྒོར་ཁྲི་922.41ཆག་ཡང་དང་རྩ་ཆག་བཏང་བ་ལས་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་བ་20554ལ་ཕན་པ་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།