དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོ་གཞི་རིམ་དང་མང་ཚོགས་ཁྲོད་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-07

    སྐྱིད་གྲོང་རྫོང་གིས་ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་དང་། ཐོན་ཁུངས་སྣ་ཚོགས་སྡེབ་སྒྲིག བྱེད་སྟངས་དང་བྱ་ཐབས་གསར་གཏོད་བཅས་བྱས་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལ་སྐུལ་འདེད་བཏང་བ་རེད།

    རིམ་རྩིས་བརྒྱབ་ན། རྒྱུན་གཏན་ཅན་གྱི་རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་བྱེད་སྒོ་ཐེངས་1065སྤེལ་བར། སློབ་གསོ་ཐེབས་པའི་མང་ཚོགས་མི་ཐེངས་ཁྲི་2.7ཙམ་ཟིན་ཡོད།

    མང་ཚོགས་ཀྱི་དགོས་མཁོ་གང་དུ་ཡོད་ན་ཤེས་དཔལ་ལག་ལེན་གྱི་བྱེད་སྒོ་དེ་གར་སྤེལ་ཞིང་། 2024ལོར་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)ཀྱིས“མང་ཚོགས་གཅིག་སྡུད་དང་། མང་ཚོགས་ལ་ཁྲིད་སྟོན། རིག་གནས་ལ་བརྟེན་ནས་མི་སྣ་ལེགས་སྐྱོང་། སྲོལ་བཟང་ཡར་སྐུལ”བཅས་ལ་དམིགས་ནས། ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་དང་། ཐོན་ཁུངས་སྣ་ཚོགས་སྡེབ་སྒྲིག བྱེད་སྟངས་དང་བྱ་ཐབས་གསར་གཏོད་བཅས་བྱས་ཏེ། རིམ་རྩིས་བརྒྱབ་ན། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོ་ཐེངས་5283སྤེལ་བ་དང་། དང་བླངས་པ་མི་ཐེངས་ཁྲི་7ལྷག་ཙམ་སྐུལ་སློང་བྱས་པ། ལྟ་ཉན་བྱེད་མཁན་མི་ཐེངས་ཁྲི་22ལྷག་ཙམ་ཟིན་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་བྱེད་སྒོ་གཞི་རིམ་དང་མང་ཚོགས་ཁྲོད་སྤེལ་བར་སྐུལ་འདེད་རྒྱུན་ཆད་མེད་པར་བཏང་ཡོད།

    ཏང་གི་གསུང་སྒྲ་བརྒྱུད་བསྒྲགས་བྱས་ནས།

    ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མི་སེམས་སུ་ཟུག་པར་བྱས་པ།

    སྐྱིད་གྲོང་རྫོང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཀུན་སྤྱོད་ལ་བརྟེན་ནས། གྲོང་གསེབ་ཀྱི་བསམ་བློ་རིག་གནས་ཀྱི་གཡུལ་ས་བཟུང་རྒྱུ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པར་སྐུལ་སློང་དང་སྐུལ་ལྕག་བྱས་ཤིང་། རིམ་རྩིས་བརྒྱབ་ན། རྒྱུན་གཏན་ཅན་གྱི་རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་བྱེད་སྒོ་ཐེངས་1065སྤེལ་བས། སློབ་གསོ་ཐེབས་པའི་མང་ཚོགས་མི་ཐེངས་ཁྲི་2.7ཙམ་ཟིན་ཡོད།

    ས་བབ་མཐོ་ཚད་སྨི་4630ཡོད་པའི་ཀྲེ་པ་ཤང་ནི་སྐྱིད་གྲོང་རྫོང་ས་ཁོངས་ཀྱི་རང་བྱུང་ཆ་རྐྱེན་ཞན་ཤོས་ཀྱི་མཐའ་མཚམས་མཐོ་གྲང་ཤང་གི་གྲས་ཤིག་རེད་ལ། སྐྱིད་གྲོང་རྫོང་གི་འབྲོག་ལས་རྐྱང་པའི་ཤང་འབའ་ཞིག་དེ་ཡང་རེད། གནམ་གཤིས་དང་ཁོར་ཡུག་ཞན་ཡང་ས་གནས་དེ་གའི་ཏང་ཡོན་ལས་བྱེད་པ་དང་། དང་བླངས་པའི་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་བྱེད་སེམས་དང་མང་ཚོགས་ལ་ཞབས་འདེགས་ཞུ་སེམས་འགོག་ཐབས་མེད། ཁོང་ཚོས་སྦག་སྦག་དྲིལ་བསྒྲགས་རུ་ཁག་བཙུགས་ནས་འབྲོག་རའི་ལམ་ཆུང་རྒྱུད་དེ་ཁྱིམ་ཚང་རེ་རེ་བཞིན་ལ་ཏང་གི“གསུང་སྒྲ་ཡག་པོ”བརྒྱུད་སྤྲོད་བྱས་ནས། མང་ཚོགས་ལ་དྲིལ་བསྒྲགས་བྱེད་པ་དང་། མང་ཚོགས་ལ་སློབ་གསོ་གཏོང་བ། མང་ཚོགས་ལ་སེམས་ཁུར་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི“མཐའ་མའི་འགག་གནད”ཏན་ཏིག་ངང་བཤངས་པར་ས་གནས་དེ་གའི་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་རྒྱ་ཁྱབ་ཏུ་ཐོབ་ཡོད།

    མང་ཚོགས་ཀྱི་དགོས་མཁོར་དམིགས་ནས།

    ཤེས་དཔལ་ལག་ལེན་གྱི་བྱེད་སྒོ་དམངས་སེམས་སུ་ཟུག་པར་བྱས་པ།

    འདས་ཟིན་པའི་ལོ་གཅིག་ལ་ཕྱིར་མིག་བལྟ་སྐབས། སྐྱིད་གྲོང་རྫོང་གིས་རྫོང་དེའི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་མང་ཚོགས་ཀྱི་དགོས་མཁོར་དམིགས་ཏེ། རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་ཤེས་དཔལ་ལག་ལེན་བྱེད་སྒོ་སྒྲིག་འཛུགས་ཧུར་ཐག་བྱས་ནས་སྤེལ་བས།“ཤེས་དཔལ་མེ་ཏོག”གིས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བར་མཛེས་རྒྱན་སྤྲས་ཡོད།

    མང་ཚོགས་ཀྱི་དགོས་མཁོ་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དུས་ཚོད་གལ་ཆེན་ལ་དམིགས་ནས“བཅའ་ཁྲིམས་དང་། ཚན་རྩལ། འཕྲོད་བསྟེན”བཅས་གཤམ་སྤེལ་གསུམ་དང“ང་ཚོའི་དུས་ཆེན”སོགས་དང་བླངས་ཞབས་ཞུའི་བྱེད་སྒོ་རབ་དང་རིམ་པ་རྒྱ་ཁྱབ་ཏུ་སྤེལ་བ་དང་། སློབ་འགོ་ཚུགས་པའི་སློབ་ཚན་དང་པོ་དང“མྱུག་སྲུང་། དེབ་རྟགས་ལྗང་གུ”དེ་བཞིན་དཔེ་ཀློག་མཉམ་སྤྱོད་སོགས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོ་སྒྲིག་འཛུགས་ཧུར་ཐག་བྱས་ནས་སྤེལ་བ། གཞིས་རྩེ་གྲོང་ཁྱེར་གྱི“ཇོ་མོ་གླང་མའི་མང་ཚོགས་ཀྱི་སྒྲོག་འགྲེལ་པ་གྲགས་ཅན”འདེམས་པའི་འགྲན་བསྡུར་ཆེན་པོ་སྐབས་གསུམ་པ་དང་། གཞི་རིམ་གྱི་དྲིལ་བསྒྲགས་སྒྲོག་འགྲེལ་པ་ཡག་ཤོས་བཅུ་འདེམས་པའི་བྱེད་སྒོའི་རྫོང་རིམ་པའི་ཐོག་མའི་འགྲན་བསྡུར། “བདུན་གཅིག”གསར་བརྗེའི་གླུ་གཞས་མཉམ་ལེན་འགྲན་བསྡུར་བཅས་གཉེར་བས་རྒྱ་ཆེའི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་རྒྱུན་ཆད་མེད་པར་ཕྱིན་ཡོད།

    བྱེད་སྒོའི་སྤུས་རྟགས་ལེགས་སུ་བཏང་ནས།

    དང་བླངས་ཞབས་ཞུ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་བ།

    སྐྱིད་གྲོང་རྫོང་གིས་གཞུང་འཁྱོངས་གསར་འབྱེད་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཧུར་ཐག་གིས“དཔེ་དེབ་ཀྱི་དྲི་ཞིམ་འཐུལ་བའི་སྐྱིད་གྲོང”ཞེས་པའི་སྤུས་རྟགས་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བ་དང་། “བུད་མེད་དང་བླངས་པའི”ཉམས་འགྱུར་མངོན་པ། “ཁ་བ་བུ་ཡུག་ཁྲོད་མཐའ་མཚམས་སུ་སྐོར་གཡེང་བྱེད་པའི”ནང་དོན་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བ་དང་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་རྒྱུན་ཆད་མེད་པར་བཏང་ཡོད།

    སྐྱིད་གྲོང་རྫོང་གིས་བུད་མེད་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་བྱས་ཏེ། མཐའ་མཚམས་སུ་སྐོར་གཡེང་དང་། གཅེས་སེམས་རོགས་སྐྱོར། བཅའ་ཁྲིམས་དབང་སྲུང་། ཁྱིམ་སྲོལ་དང་ཁྱིམ་ཚང་སློབ་གསོ། མི་རིགས་མཐུན་སྒྲིལ། ལྗང་མདོག་ཁོར་ཡུག་སྲུང་སྐྱོང་། འཕྲོད་བསྟེན་བདེ་ཐང་བཅས་རིགས་བདུན་གྱི“མཐའ་སྟོབས་མཐའ་བརྟན་གྱི་ཨ་ཅག་དང་བླངས་ཞབས་ཞུའི་རུ་ཁག”བཙུགས་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་། ཚན་རིག་ཤེས་བྱ། ཤེས་དཔལ་རྒྱུན་ཤེས་སོགས་ཁྱབ་གདལ་ཤུགས་ཆེན་བཏང་བ། འགལ་བ་དང་རྩོད་གཞི་འདུམ་འགྲིག་ཧུར་ཐག་བྱས་པ། གཅེས་སེམས་ཕུལ་བ་དང་དྲོ་སྐྱིད་སྦྱིན་པ་བཅས་བརྒྱུད། སྲིད་གཞུང་གི་སེམས་ཁྲལ་དང་མང་ཚོགས་ཀྱི་དཀའ་ངལ་བསལ་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས(སུའོ)དེ་མང་ཚོགས་ཀྱི་ཉེ་འགྲམ་གྱི“བདེ་སྐྱིད་སྣུམ་སྣོན་ས་ཚིགས”སུ་བསྐྲུན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།