ཨོ་སི་ཁྲུ་ལི་ཡའི་ཙུང་ལིས་ཨོ་ཀྲུང་གི་འབྲེལ་བ་དེ་བས་བརྟན་དུ་འགྲོ་རེ་བྱེད་པ།
ཉེ་ཆར། ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པ་ཉི་སིས་མོར་པིན་གྱི་ཀྲུང་གོ་བའི་སྡེ་ཁུལ་དུ་གཉེར་བའི་དཔྱིད་གསར་གྱི་དགའ་ནེའུ་དུས་ཆེན་གྱི་བྱེད་སྒོའི་ཐོག ཨོ་ཀྲུང་མཛའ་གྲོགས་དེ་རྒྱལ་ཁབ་གཉིས་པོའི་ཁེ་ཕན་དང་མཐུན་པས། ཨོ་སི་ཁྲུ་ལི་ཡ་སྲིད་གཞུང་གིས་ཨོ་ཀྲུང་གི་འབྲེལ་བ་དང་མཉམ་ལས་བརྟན་པོ་ཡོང་བར་འབད་བརྩོན་བྱས་ནས། འབྱུང་འགྱུར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་བས་བརྟན་དུ་འགྲོ་རེ་བྱེད་ཀྱི་ཡོད་ཅེས་བརྗོད།
ཨར་པ་ཉི་སིས། ཀྲུང་གོའི་རིག་གནས་ཀྱིས་ཨོ་སི་ཁྲུ་ལི་ཡའི་རིག་གནས་དེ་བས་ཕུན་སུམ་ཚོགས་སུ་དང་ཨོ་སི་ཁྲུ་ལི་ཡ་བའི་མཐོང་རྒྱ་ཆེ་རུ་ཕྱིན་ཡོད། དཔྱིད་གསར་དུས་ཆེན་ནི་ཨོ་སི་ཁྲུ་ལི་ཡའི་རིག་གནས་ཀྱི་སྲོལ་རྒྱུན་གྱི་གྲུབ་ཆ་ཞིག་ཏུ་གྱུར་ཡོད། ཨོ་སི་ཁྲུ་ལི་ཡའི་རྒྱལ་ཡོངས་སུ་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་མང་པོ་ཡོད་ཅིང་། མི་རྣམས་མཉམ་དུ་འཛོམས་ནས་སྦྲུལ་ལོའི་དཔྱིད་གསར་དུས་ཆེན་དགའ་གཏོང་དང་ཕན་ཚུན་སྨོན་འདུན་ཞུ་རེས་བྱས་ནས། ལོ་གསར་པར་གོ་སྐབས་གསར་པ་རག་པའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བརྗོད།