མངའ་རིས་ས་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲིད་ཇུས་གསོ་སྦྱོང་བྱས་པ།
ཉེ་ཆར་མངའ་རིས་ས་ཨུད་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུཌ་སྐྱོང་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲིད་ཇུས་གསོ་སྦྱོང་སྒྲིག་འཛུགས་བྱས་ཤིང་། ས་ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་དང་དེ་བཞིན་རྫོང་ཁག་གི་འབྲེལ་ཡོད་ལས་དོན་པ་90ལྷག་ཙམ་ཞུགས་ཡོད་པ་རེད། ད་ཐེངས་གསོ་སྦྱོང་ལ་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་འཛུགས་སྐྲུན་རྣམ་གྲངས་ཀྱི་དུས་འགོའི་འགྲོ་ལུགས་གཉེར་བའི་བརྒྱུད་རིམ་ལ་གཙོ་གནད་ཐོག་དམིགས་པ་དང་། དེའི་དམིགས་ཡུལ་ནི་ལས་དོན་པའི་ལས་སྒོའི་འཇོན་ཐང་སྔར་བས་ཆེ་རུ་གཏོང་ཆེད་ཡིན་པ་རེད།
ད་ཐེངས་གསོ་སྦྱོང་བྱས་པ་བརྒྱུད། གསོ་སྦྱོང་ལ་ཞུགས་མཁན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སྲིད་ཇུས་དང་དེ་བཞིན་རྣམ་གྲངས་ཀྱི་འགྲོ་ལུགས་གཉེར་བའི་བརྒྱུད་རིམ་ལ་རྒྱུས་མངའ་དེ་བས་ཕྱོགས་ཡོངས་དང་གཏིང་ཟབ་བྱུང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་གསོ་སྦྱོང་གི་དམིགས་ཡུལ་ནི“རྣམ་གྲངས་འཛུགས་སྐྲུན་གྱི་དགུན་དུས་ལས་མཚམས་འཇོག་དུས”གང་ལེགས་སྤྱད་དེ“རྣམ་གྲངས་ཞིབ་མཆན་གྱི་འགྲོ་ལུགས་གཉེར་བའི་དུས་ཚོད་ཡག་ཤོས”སུ་བསྒྱུར་ནས་རྣམ་གྲངས་བརྩོན་ལེན་དང་གྲབས་གསོག་གནས་ལ་འབྱོར་བ་དང་། རྣམ་གྲངས་ལས་འགོ་འཛུགས་པར་གྲ་སྒྲིག་ཨང་བསར་བྱེད་པ། ཚོང་འགུགས་ལས་དོན་གྱི་འཆར་འགོད་ཆ་ཚང་བ་བཅས་ཀྱི་འགན་ལེན་བྱས་ཏེ། ད་ལོའི་རྣམ་གྲངས་འཛུགས་སྐྲུན་ལས་དོན་བདེ་བླག་ངང་འགོ་འཛུགས་རྒྱུར་གྲ་སྒྲིག་ཨང་བསར་བྱ་ཆེད་ཡིན་པ་རེད།