དབུ་ཤོག
  • གངས་ཆེན་པོ་འབབ་རྒྱུ་དང་ལྷགས་པ་ཆེན་པོ་རྒྱག་རྒྱུ་རེད་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2025-02-05

    ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། ཟླ་2ཚེས་5ཉིན། བོད་ཀྱི་བྱང་རྒྱུད་དང་ནུབ་རྒྱུད་སོགས་ཀྱི་ས་ཆ་ཁག་གཅིག་ལ་གངས་ཆུང་བའམ་ཡང་ན་གངས་མ་ཆར་འབབ་རྒྱུ་ཡིན་ཞིང་། དེའི་ནང་བོད་ཀྱི་ནུབ་རྒྱུད་ཀྱི་ས་ཆ་ཁག་གཅིག་ལ་གངས་ཆེན་པོ་འབབ་རྒྱུ་དང་། བོད་ཀྱི་ཤར་ལྷོའི་རྒྱུད་སོགས་ཀྱི་ས་ཆ་ཁག་གཅིག་ལ་ཆར་པ་ཆུང་བ་འབབ་རྒྱུ། ཟླ་2ཚེས་6ཉིན། བོད་ཀྱི་བྱང་རྒྱུད་དང་ཤར་ལྷོའི་རྒྱུད་སོགས་ཀྱི་ས་ཆ་ཁག་གཅིག་ལ་གངས་ཆུང་བའམ་ཡང་ན་གངས་མ་ཆར་འབབ་རྒྱུ་དང་། བོད་ཀྱི་ཤར་ལྷོའི་རྒྱུད་སོགས་ཀྱི་ས་ཆ་ཁག་གཅིག་ལ་ཆར་པ་ཆུང་བ་འབབ་རྒྱུ།

    ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ལྷགས་པ་ཆེན་པོ་རྒྱག་པའི་ཉེན་ཟོན་སྔོན་བརྡ་སྔོན་པོ་མུ་མཐུད་བཏང་བ་སྟེ། སྔོན་དཔག་ལྟར་ན། ཟླ་2ཚེས་5ཉིན་གྱི་ཆུ་ཚོད་8པ་ནས་ཚེས་6ཉིན་གྱི་ཆུ་ཚོད་8པ་བར། བོད་ཀྱི་དབུས་རྒྱུད་དང་བྱང་རྒྱུད་སོགས་ཀྱི་ས་ཆ་ཁག་གཅིག་ལ་ལྷགས་པ་རིམ་པ་5ནས་6བར་རྒྱག་རྒྱུ་དང་ཐོལ་རླུང་རིམ་པ་7ནས་8བར་རྒྱག་རྒྱུ་ཡིན་པའི་ནང་བོད་ཀྱི་བྱང་རྒྱུད་ཀྱི་ས་ཆ་ཁག་གཅིག་ལ་ལྷགས་པ་རིམ་པ་6ནས་8བར་དང་ཐོལ་རླུང་རིམ་པ་9ནས་10བར་རྒྱག་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།