དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • སྐལ་བཟང་རྒྱལ་མཚན་གྱིས་བརྗོད་དོན།

    ནག་ཆུའི་དཀར་ཆུའི་ཐོན་རྫས་སྔར་བས་མང་བ་ཁྲོམ་རར་ཚོང་ཐུབ་པ་བྱེད་ཀྱི་ཡིན།

  •     སྤེལ་དུས།  2025-02-05

    ན་ནིང་། བོད་ལྗོངས་དགའ་བདེ་སྐྱེ་ཁམས་ཕྱུགས་ལས་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་ཁྲེང་ཏུའུ་ཕྱིར་ཚོང་ཁང་དངོས་སུ་ཚོང་གཉེར་བྱེད་འགོ་ཚུགས་པ་དེ་ཐོག་ནས། ནག་ཆུའི་དཀར་ཆུའི་ཐོན་རྫས་དང་ཁྱད་ལྡན་ས་མཐོའི་ཚགས་ཤ་དང་ལུག་ཤའི་འབྲེལ་ཡོད་ཐོན་ལས“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོའི་སྣེ་ཁྲིད་འོག དེ་བས་ཡངས་ཤིང་རྒྱ་ཆེ་བའི་ཁྲོམ་རར་སྐྱོད་འགོ་ཚུགས་པ་དང་དེ་བས་མང་བའི་འཕེལ་རྒྱས་ཀྱི་གོ་སྐབས་སླེབས་པ་མཚོན་གྱི་ཡོད།

    “ཁྲེང་ཏུར་རྒྱུན་དུ་སྡོད་མཁན་བོད་ཀྱི་རྒན་ཡོལ་ཞུས་པའི་ལས་བྱེད་ལས་བཟོར་མཚོན་ན། བོད་ཀྱི་ཚགས་ཤ་དང་ལུག་ཤ་དང་དཀར་ཆུའི་ཐོན་རྫས་ལ་ཧ་ཅང་དགའ་པོ་ཡོག་རེད། འོན་ཀྱང་དེ་སྔོན་བསྐུར་གླ་མཐོ་བས་ལོ་གཅིག་ནང་ཐེངས་ཁ་ཤས་མ་གཏོགས་ཟ་ཐུབ་ཀྱི་མེད། ད་ཆ་བོད་ལྗོངས་ཁྲེང་ཏུའུ་དོན་གཅོད་ཁྲུའུ་སྨན་ཁང་གི་སྒོ་རྩར་གསེར་རྙེད་ཆུས་ཀྱི་ཚོང་ཁང་བཙུགས་ཡོད་པ་མ་ཟད། ཐོན་རྫས་ཀྱི་རིན་གོང་ཡང་འཚམ་པོ་འདུག བོད་ཀྱི་ཚགས་ཤ་ལུག་ཤ་དང་དཀར་ཆུའི་ཐོན་རྫས་ནི་ལྗང་མདོག་བདེ་ཐང་གི་ཟས་རིགས་ཤིག་ཡིན་པས་བློ་བདེ་པོས་སྤྱོད་ཆོག་གི་འདུག”ཅེས་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ཚེ་རིང་བཀྲ་ཤིས་ཀྱིས་དགའ་ཚོར་ཆེན་པོས་བཤད།

    2017ལོར་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་ལ་གཞིགས་པ་དང་། ནག་ཆུ་གྲོང་ཁྱེར་གྱི“ཕྱོགས་གཉིས་ཀར་དམ་འཛིན་དང་བར་ལ་སྐུལ་འདེད་གཏོང་བའི”འབྲོག་ལས་ཀྱི་འཕེལ་རྒྱས་བསམ་ཕྱོགས་དང་ཟུང་འབྲེལ་བྱེད་པ། ས་གནས་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུཌ་པ་བཅས་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པ་བརྒྱུད། དཀར་ཆུའི་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱ་རྒྱུ་ཚད་བརྒལ་ཡོང་གཞིར་བྱས་ནས་དགའ་བདེའི་སྐྱེ་ཁམས་ཕྱུགས་ལས་ཐོན་ལས་དཔེ་སྟོན་རྟེན་གཞི་བཏོད་པ་རེད།

    ད་ཆ་ཀུང་སིས་ཆེད་ལས་གྲང་མཛོད་དང་གྲང་ཕྲེང་ཟོག་འགྲུལ་སྒྲིག་སྦྱོར་བྱས་ཏེ་རྦད་དེ་རང་འགུལ་ཅན་གྱི་སོས་ཉར་འོ་མ་དང་ཞོའི་ཐོན་སྐྱེད་ཀྱི་བརྒྱུད་རིམ་གྲུབ་ནས་དེང་རབས་ཅན་གྱི་འོ་ལས་ཐོན་སྐྱེད་ལ་རྨང་གཞི་བཏིང་ཡོད། དེ་དང་ཆབས་ཅིག་ས་མཐོར་བཞོན་མ་གསོ་མཁན་ཞིང་པ་ཐར་ཐོར་དང་འོ་མ་བསྡུ་རུབ་བྱེད་དཀའ་བའི་དོན་དངོས་ལ་གཞིགས་ནས། ཁེ་ལས་ཀྱིས་ཉེ་འཁོར་གྱི་འོ་མའི་ཡོང་ཁུངས་རྟེན་གཞིར་སྣེ་ཁྲིད་པ་དང་རྟེན་གཞིས་གྲོང་ཚོ་རིམ་པའི་མཉམ་ལས་ཁང་དང་འབྲོག་པའི་གསོ་ཚགས་དུད་ཚང་སྐུལ་ཁྲིད་བྱེད་པའི་གཉེར་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱས་ནས་ལག་བསྟར་བྱས་ཡོད། ད་ཆ་ཀུང་སི་དེ་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་ས་མཐོའི་སྦགས་བཙོག་མེད་པའི་ཕྱུགས་ལས་ཁྱད་ལྡན་ཐོན་ལས་ལ་གཞི་ཚུགས་པའི་འོ་མའི་ཐོན་རྫས་བཟོ་སྣོན་ཞིབ་ཚགས་བྱེད་མཁན་གྱི་ཁེ་ལས་ཤིག་ཏུ་གྱུར་ཡོད།

    རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ཀྱི་ངོས་ནས། ཀུང་སིའི་ཏང་ཀྲི་པུས་ཀྲི་པུའུ་ཡིས་སྣེ་ཁྲིད་དང་། རྩ་འཛུགས་ཀྱིས་མཉམ་སྐྲུན། ཏང་ཡོན་གྱིས་དཔེ་སྟོན་བཅས་བརྒྱུད། གསེར་རྙེད་ཆུས་ཀྱི་ཤང་དང་གྲོང་རྡལ་12དང་གྲོང་ཚོ་134དང་ཐོན་ལས་མནའ་འབྲེལ་ཆགས་པ་དང་། ཤང་དང་གྲོང་རྡལ་དུ་རིམ་པ་དང་པོའི་འོ་མའི་ས་ཚིགས་10དང་གྲོང་ཚོར(གྲོང་ལྷན)གྲོང་ཚོ་རིམ་པའི་འོ་མའི་ཡོང་ཁུངས་མཁོ་སྤྲོད་ས་ཚིགས་100བསྐྲུན་ནས“ཀྲི་པུའུ+ཁེ་ལས+འབྲོག་དུད”བཅས་ཀྱི་འོ་མའི་ཡོང་ཁུངས་ཀྱི་འཁོར་འབྲེལ་ཞིག་གྲུབ་པར་བྱས་ཡོད།

    གཅིག་གྱུར་སྤུས་རྟགས་དང་། གཅིག་གྱུར་མངགས་ཐོ། གཅིག་གྱུར་བྲིན་ཚོང་བཅས་བརྒྱུད། འབྲོག་པ་དང་འཛད་སྤྱོད་པ་དང་རྩྭ་ར་དང་ཁྲོམ་རའི་དབར་ཀུང་སིས་སྦྲེལ་ཟམ་བཙུགས་ནས་ཐོན་རྫས་རྩེ་གྲར་བྲིན་འཚོང་གི་ཐབས་ལམ་ཡག་པོ་བཙལ་ཡོད། དེ་དང་ཆབས་ཅིག་ནག་ཆུའི་འབྲིའི་འོ་མར་དམིགས་སུ་ལྡན་པའི་སྤུས་ཀ་གང་ལེགས་སྤྱད་པ་དང་། ལྗང་མདོག་འཕེལ་རྒྱས་དང་སྤུས་ཀ་འགན་ལེན་ལ་དེ་བས་སྣང་ཆེན་གྱིས་ཁྱད་དུ་འཕགས་པའི“སྤྲིན་སྟེང་གི་འབྲོག་ས། བཅུད་ལྡན་འབྲིའི་འོ་མ”མིང་བྱང་དུ་བྱས་ནས་རང་རྟེན་གྱི་སྤུས་རྟགས་འཛུགས་གཏོད་ལ་སྐུལ་འདེད་བཏང་སྟེ། ས་མཐོའི་ཁྱད་ལྡན་འབྲིའི་འོ་མའི་ལས་རིཌ་ཀྱི་སྤུས་རྟཌ་སྐྱེད་སྲིང་ཤུགས་ཆེན་བྱས་ཡོད།

    མིག་སྔར་ཚོང་རྟགས་རིགས་44ཡི་ཐོ་འགོད་དང་དེ་བཞིན་དྲ་ཐོག་གི་ཁོངས་མིང་རིགས་22ཀྱི་ཐོ་འགོད་ལེགས་གྲུབ་ཟིན་པ་དང་། འབྲི་གཡག་དང་། འབྲིའི་འོ་མ། དེ་བཞིན་འབྲོག་རྩྭ་བཅས་ཁག་2ཀྱི་སྐྱེ་ལྡན་དཔང་འདོན་ལེཌ་གྲུབ་ཟིན་པ་དང་ཆབས་ཅིག་གསེར་རྙེད་ཆུས་ཀྱི་ཞིང་འབྲོག་ལས་ཚན་རིག་ལག་རྩལ་ཞབས་ཞུའི་ས་ཚིགས་ཀྱིས“ཐོ་འགོད་པ”བྱས་ནས“ནག་ཆུའི་འབྲི་གཡག”གི་ས་ཁམས་མཚོན་རྟགས་བདེ་བླག་ངང་ཐོ་འགོད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།