ཧྥུའུ་ཅན་ཞིང་ཆེན་ཀྲང་ཀྲོའུ་གྲོང་ཁྱེར་དང་ལུང་ཡན་གྲོང་ཁྱེར་གྱིས་མཉམ་འབྲེལ་ཐོག་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་ཏེ་སྨན་བཅོས་འཕྲོད་བསྟེན་ལས་དོན་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་བཏང་བ།
ཉེ་བའི་ལོ་ཤས་རིང་། ཧྥུའུ་ཅན་ཞིང་ཆེན་ཀྲང་ཀྲོའུ་གྲོང་ཁྱེར་དང་ལུང་ཡན་གྲོང་ཁྱེར་གྱིས་མཉམ་འབྲེལ་ཐོག་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་ཏེ། གྲོང་ཁྱེར་གཉིས་ཀྱིས་མ་དངུལ་གཏོང་བ་དང་། ཤེས་ལྡན་པ་གསོ་སྐྱོང་། ལག་རྩལ་རོགས་སྐྱོར་སོགས་ཀྱི་ཐད་དཔལ་འབར་རྫོང་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། ས་གནས་དེ་གའི་སྨན་བཅོས་འཕྲོད་བསྟེན་ལས་དོན་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་བཏང་ཡོད། འདི་ནི་བོད་སྐྱོར་སྨན་པས་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་མི་དམངས་སྨན་ཁང་དུ་ནད་པར་ནད་བརྟག་སྨན་བཅོས་བྱེད་བཞིན་པ།