དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • གོ་ལ་ཧྲིལ་པོའི་ཕྱི་རྒྱལ་གྱི་རྒྱ་ཡིག་དཔེ་ཚོང་ཁང་གི་དཔྱིད་གསར་དུས་ཆེན་རིང་གི་ཀྲུང་གོའི་དཔེ་དེབ་ཀྱི་མཉམ་འབྲེལ་འགྲེམས་སྟོན་བྱེད་སྒོ་སྐབས་བཅོ་ལྔ་པ་སྤེལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-02-05

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་གོ་ལ་ཧྲིལ་པོའི་ཕྱི་རྒྱལ་གྱི་རྒྱ་ཡིག་དཔེ་ཚོང་ཁང་གི་དཔྱིད་གསར་དུས་ཆེན་རིང་གི་ཀྲུང་གོའི་དཔེ་དེབ་ཀྱི་མཉམ་འབྲེལ་འགྲེམས་སྟོན་བྱེད་སྒོ་སྐབས་བཅོ་ལྔ་པ“ཀྲུང་གོ་ལྟ་ཀློག”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་ཨ་རི་དང་། ཧྥ་རན་སེ། རི་པིན། ཨུ་རུ་སུ། ཆི་ལི། ཐུ་ནི་སི་སོགས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་36གི་རྒྱ་ཡིག་དཔེ་ཚོང་ཁང་བརྒྱ་ལྷག་ཙམ་དུ་གཉེར་བ་དང་། དེ་དག་གིས་དཔེ་དེབ་མཚམས་སྦྱོར་དུ་བྱས་ནས་གོ་ལ་ཧྲིལ་པོའི་ཀློག་པ་པོར་བསམ་པའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད།

    མཉམ་འབྲེལ་འགྲེམས་སྟོན་བྱེད་རིང་། འགྲེམས་ཞུགས་དཔེ་ཚོང་ཁང་ཁག་གིས《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས》དེབ་དང་པོ་དང་གཉིས་པ་དང་། 《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་དང་པོ་ནས་བཞི་པའི་བར། “རྗེས་ཤུལ”རབ་དང་རིམ་པའི་དཔེ་དེབ་སོགས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་དང་འབྲེལ་ཡོད་ཀྱི་སློབ་སྦྱོང་ཀློག་དེབ་གཙོ་གནད་ཐོག་འགྲེམས་ཚོང་བྱས་ཡོད། རྒྱལ་ཁབ་ཁག་གི་ཀློག་པ་པོའི་དགོས་མཁོ་དང་ཉེ་བར་བསྟུན་ནས་བསམ་བློའི་རང་བཞིན་དང་། སྒྱུ་རྩལ་གྱི་རང་བཞིན། ཀློག་རིན་ཡོད་པ་བཅས་ཀྱི་དཔེ་དེབ་རྩེ་གྲ་ཁག་གཅིག་གཅིག་སྡུད་དུ་འགྲེམ་འཚོང་བྱས་པ་རེད། ཡང་སྒོས་སུ་རྩོམ་པ་པོ་དང་མཁས་དབང་སྤེལ་རེས་བྱེད་སྒོ་སྤེལ་བ་དང་དཔྱིད་གསར་དུས་ཆེན་གྱི་ཆ་ཡིག་འབྲི་བ་དང་ལྒང་ཞུའི་གབ་ཚིག་ལ་གབ་ལན་འདེབས་པ་སོགས་མཉམ་འགུལ་རིག་གནས་ཀྱི་བྱེད་སྒོ་སྤེལ་བས་ཕྱི་རྒྱལ་གྱི་ལས་རིགས་ཁག་གི་ཀློག་པ་པོའི་ཡིད་དབང་འཕྲོག་པ་དང་དཔྱིད་གསར་དུས་ཆེན་གྱི་ཉམས་འགྱུར་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་མྱོང་ཚོར་ཟབ་མོ་ཐུབ་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།