མི་དམངས་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་དངུལ་རྩའི“ལས་དོན་ལྔ”ཡག་པོ་བསྒྲུབས་པ།
འདི་ནི་ཞིང་ལས་དངུལ་ཁང་ས་དགའ་དར་རྒྱས་གླིང་ལས་གཉེར་ཁང་གིས་དངུལ་རྩའི་ཤེས་བྱ་སློབ་གྲྭར་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་བཞིན་པ།
2024ལོ་ཚུན་དུ་མི་དམངས་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་རྒྱུ་རྩ་བའི་དམིགས་ཡུལ་དུ་བརྩིས་ནས་ཚན་རྩལ་དངུལ་རྩ་དང་། ལྗང་མདོག་དངུལ་རྩ། ཀུན་ཕན་དངུལ་རྩ། རྒན་གསོའི་དངུལ་རྩ། གྲངས་འཛིན་དངུལ་རྩ་བཅས་ཀྱི“ལས་དོན་ལྔ”ལ་དམིགས་ཏེ་དངུལ་རྩའི་ཞབས་ཞུ་ལེགས་སུ་བཏང་བ་དང་དངུལ་རྩའི་ཐོན་རྫས་གསར་གཏོད་བྱས་པ་བརྒྱུད་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དངུལ་རྩའི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད། 2024ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྲོང་ཁྱེར་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་506.33ཟིན་པ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་90.33མང་དུ་ཕྱིན་ཏེ་21.71%འཕར་ཡོད།
ཐབས་ལམ་གསར་པ་འཚོལ་ཞིབ་དང་སྤུས་ཚད་དོན་གཉེར་བྱས་ནས་ཚན་རྩལ་གསར་གཏོད་ཁེ་ལས་ཀྱི་གསོན་ཤུགས་འཕེལ་བར་བྱས་ཤིང་། དངུལ་རྩའི་མཁོ་སྤྲོད་བྱེད་སྟངས་ལེགས་སུ་བཏང་སྟེ་དངུལ་ཁང་ཁག་གིས་སྲིད་གཞུང་སྡེ་ཚན་དང་ཁག་ཐེག་ཀུང་སིར“སྲིད་གཞུང་དང་། དངུལ་ཁང་། ཁེ་ལས་བཅས་དང་། དངུལ་ཁང་དང་ཁག་ཐེག་ཀུང་སི་མཉམ་ལས”སོགས་ཉེན་ཁ་ཁ་འགྲེམས་ཀྱི་ལམ་སྲོལ་སྤྱད་དེ་དངུལ་རྩའི་ཐོན་ཁུངས་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་བར་ཁྲིད་སྟོན་ཧུར་ཐག་བྱས་ནས། གྲོང་ཁྱེར་ཡོངས་ཀྱི་ཚན་རྩལ་རྣམ་པའི་ཁེ་ལས་ལ་དངུལ་རྩའི་རྒྱབ་སྐྱོར་དེ་བས་བརྟན་པོ་བྱས་ཡོད།
ལྗང་མདོག་ལ་བརྟེན་ནས་རྒྱུན་མཐུད་ཐུབ་པའི་ལྗང་མདོག་དངུལ་རྩའི་མ་ལག་བཙུགས་ཤིང་། ལྗང་མདོག་དང་ཐཱན་ཉུང་ཕྱོགས་སྒྱུར་གྱི་གཙོ་གནད་ཞབས་ཞུའི་ཁ་ཕྱོགས་ལ་དམིགས་ཏེ། རྒྱུན་མཐུད་ཐུབ་པའི་ལྗང་མདོག་དངུལ་རྩའི་མ་ལག་མགྱོགས་མྱུར་བཙུགས་ནས། གྲོང་ཁྱེར་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་གསར་པ་བཏིང་ཡོད།
གཞི་རྒྱ་ཆེ་རུ་དང་རྨང་གཞི་བརྟན་དུ་བཏང་ནས་ཀུན་ཕན་དངུལ་རྩ་ལག་ལེན་གཏིང་ཟབ་བསྟར་ཞིང་། ཀུན་ཕན་དངུལ་རྩ་དེ་དངུལ་རྩའི་ལས་དོན་གྱི་ཆབ་སྲིད་རང་བཞིན་དང་མི་དམངས་རང་བཞིན་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་གཞི་འཛིན་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། ཞབས་ཞུའི་རང་འགུལ་རང་བཞིན་དང་འགན་འཁྲིའི་བསམ་པ་ཤུགས་ཆེ་རུ་བཏང་ཡོད།
བརྩེ་བས་ཕྱུག་པའི་རོགས་སྐྱོར་བྱས་ནས་དབུ་དཀར་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱས་ཤིང་། དངུལ་ཁང་སྒྲིག་གཞིས་དངུལ་རྩའི་ཞབས་ཞུ་ལེགས་སུ་གཏོང་བར་ཁྲིད་སྟོན་བྱས་ནས་རྒན་རྒོན་ལ་འཕྲོད་པའི་ལས་ཚིགས་བཏོད་ཡོད། མིག་སྔར་དངུལ་ཁང་སྒྲིག་གཞིའི་ལས་ཚིགས་མང་ཆེ་བའི་དྲིལ་བསྒྲགས་ནང་དོན་དང་རང་འགུལ་ཅན་གྱི་ཞབས་ཞུ་གཞི་གཅིག་ཅན་གྱི་འཕྲུལ་འཁོར་ལ་སྤྱིར་བཏང་བོད་རྒྱ་སྐད་གཉིས་ཤན་སྦྱར་གྱི་མ་ལག་སྒྲིག་སྦྱོར་བྱས་ཡོད།
གྲངས་འཛིན་རྩལ་ནུས་ཤུགས་ཆེར་བཏང་ནས་དངུལ་རྩའི་ཚན་རྩལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་གྲངས་འཛིན་ཞབས་ཞུའི་མ་ལག་བསྐྲུན་པ་དང་འཐུས་སྒོ་ཚང་དུ་གཏོང་བར་ཁྲིད་སྟོན་བྱས་ནས། ཚན་རྩལ་གསར་གཏོད་ལ་བརྟེན་ནས་དངུལ་རྩའི་ཞབས་ཞུའི་དངོས་ཚན་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།