ལོ་གསར་གཏོང་སྲོལ་གཉིས་ལས་ཁྱིམ་ཚང་གི་བརྩེ་བ་ལྷག་པར་མངོན།
“ཐང་ཡོན་འཚོས་སོང་། མགྱོཌ་པོ་ཟ་བར་ཤོག”ལོ་གསར་ཚེས་གཅིག་གི་ཞོགས་པར་བསོད་ནམས་དཔའ་སྒྲོན་གྱིས་བོད་བཟོའི་དཀར་ཡོལ་ནང་ཐང་ཡོན་བླུགས་ནས་ཚོམས་ཆེན་དུ་ཁྱེར་ཡོང་། ནང་མི་རྣམས་མཉམ་དུ་ཐང་ཡོན་ཟ་བཞིན་ཅི་འཕྲོས་མོལ་འཕྲོས་བྱས་ནས་བསྡད།
བསོད་ནམས་དཔའ་སྒྲོན་ནི་སུན་ཅན་ཞོལ་གྱི་བཟའ་ཟླ་ཡིན་པ་དང་ཁོང་ཚོ་ལྷ་ས་གྲོང་ཁྱེར་གྱི་བར་སྐོར་གྲོང་ཁུལ་རྙིང་པའི་སྒོ་ར་ཆེན་པོ་ཞིག་གི་ནང་སྡོད་ཀྱི་ཡོད།
1979ལོར། ལོ་17ལ་སླེབས་པའི་སུན་ཅན་ཞོལ་ཀན་སུའུ་ཡི་ཕ་ཡུལ་ནས་བྲལ་ཏེ་སྤོ་བོ་རྫོང་དུ་ལམ་བཟོ་བར་སླེབས། དེ་རྗེས་ལོ་35ཡི་རིང་ལམ་སྐྱོང་བཟོ་པ་བྱས་ནས་བསྡད།
སུན་ཅན་ཞོལ་སྔོན་ཆད་ཐང་སྨད་ཟམ་ཆེན་གྱི་འཛུགས་སྐྲུན་ནང་ཞུགས་མྱོང་ཡོད། གཞུང་ལམ་དང་། ཕུག་ལམ། ཟམ་ཆེན་བཅས་རེ་རེ་བཞིན་བཟོས་པ་དང་ཆབས་ཅིག བོད་དང་མེས་རྒྱལ་གྱི་ཞིང་ཆེན་ཁག་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་པ་དང་། དངོས་ཟོག་དབོར་འདྲེན་བྱེད་རྒྱུ་དེ་བས་སྟབས་བདེ་རུ་ཕྱིན་ཡོད། ལོ་གསར་སྐབས་གསོལ་ལྕོག་སྟེང་གི་ཟས་རིཌ་ཀྱང་ཕུན་སུམ་ཚོགས་སུ་ཕྱིན་ཡོད།
“སྔོན་ཆད་ལོ་གསར་གཏོང་སྐབས་ཚལ་སྣ་ཁ་ཤས་ལས་མེད། ཤིང་ཏོག་ནི་དེ་བས་དཀོན་པོ་རེད”ཁོང་གིས་ད་ཆ་སྒོ་རྩིས་ཚོང་ཁང་ནས་ཤིང་ཏོག་ཁྲེ་ལི་ཙི་དང་ཧོ་ལུང་ཀུའོ་སོགས་སོས་པ་ཉོ་རྒྱུ་ཡོད་པ་མ་ཟད། དུས་དང་རྣམ་པ་ཀུན་ཏུ་ནང་མི་དང་བརྙན་ལམ་ནས་འབྲེལ་བ་བྱེད་ཐུབ་ལ་ཡུལ་མི་མང་པོ་ཞིག་ཀྱང་ལོ་གསར་སྐབས་སུ་རླངས་འཁོར་བཏང་ནས་ཁྱིམ་དུ་ལོག་ཡོང་གི་ཡོད་ཅེས་བཤད།
ལམ་དེ་དང་ཟམ་པ་དེ་ནི་གཞན་ལ་བཟོས་པ་ཁོ་ན་མ་ཡིན་པར་རང་ཉིད་ལའང་བཟོས་པ་ཞིག་ཅི་ལ་མིན།
སྤོ་བོ་རྫོང་དུ་ལམ་བཟོ་རིང་སུན་ཅན་ཞོལ་དང་བསོད་ནམས་དཔའ་སྒྲོན་ཆ་རྒྱུས་བྱུང་ནས་ཚེ་གང་གཏན་གྲོགས་སུ་གྱུར།
དཔྱིད་གསར་དུས་ཆེན་སླེབས་རིམ་བཞིན་ཆ་ཡིག་སྦྱར་བ་དང་། ཅའོ་ཙེ་བཟོ་བ། ལོ་རྙིང་ཕར་ལ་སྐྱེལ་བ་བཅས་བྱས་ཏེ་དགའ་དགའ་སྤྲོ་སྤྲོའི་ངང་དཔྱིད་གསར་དུས་ཆེན་བསུ་གི་ཡོད། བོད་ཀྱི་ལོ་གསར་ལ་སླེབས་སྐབས་ཁྱིམ་དུ་ཕྱེ་མར་འབོ་བསྒྲིགས་པ་དང་ནང་མི་ཚང་མས་གཟབ་མཆོར་ལེགས་པར་སྤྲས་ནས་མཉམ་དུ་ལུག་མགོ་ཟ་བ་དང་ཇ་སྲུབས་མ་འཐུང་བཞིན་ལོ་གསར་གྱི་གོམས་སྲོལ་མི་འདྲ་བ་མྱོང་རོལ་བྱེད་བཞིན་ཡོད།
རྒན་ཡོལ་ཞུས་རྗེས་སུན་ཅན་ཞོལ་དང་བཟའ་ཟླ་ལྷ་སར་སྤོས། སྒོ་རའི་ནང་འཚོ་བ་སྐྱེལ་བཞིན་པའི་ཁྱིམ་མཚེས་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བ་ཡིན་པ་དང་། དེའི་ནང་བོད་རིགས་དང་། རྒྱ་རིགས། ཧུད་རིགས་སོགས་མི་རིགས་མང་པོ་ཡོད།
“སྔོན་ཆད་ཚང་མས་རང་མི་རིགས་ཀྱི་དུས་ཆེན་ཁོ་ན་ལས་གཏོང་གི་མེད”སུན་ཅན་ཞོལ་གྱིས་ལོ་མང་རིང་འབྲེལ་འདྲིས་བྱས་རྗེས་ཚང་མའི་འབྲེལ་བ་ཡང་ཇེ་ཟབ་ཏུ་ཕྱིན་ཏེ་དུས་ཆེན་མང་པོ་མཉམ་དུ་གཏོང་གི་ཡོད། ཁོམ་པ་ཡོད་དུས་ཚང་མས་མཉམ་དུ་ཇ་ཁང་ནང་ཇ་མངར་མོ་འཐུང་བཞིན་ཁ་བརྡ་གློད་ནས་སྡོད་ཀྱི་ཡོད་ཅེས་བཤད།
ལོ་གསར་པའི་ཉི་འོད་བར་སྐོར་གྱི་རྡོ་གཅལ་ལ་འཕྲོ་སྐབས་ཁྲོམ་གཞུང་དང་སྲང་ལམ་གང་ས་ནས་ལོ་གསར་གྱི་དགའ་སྤྲོའི་རྣམ་པས་ཁེངས། ད་དུང་ཟླ་བ་གཅིག་སོང་རྗེས་བོད་ཀྱི་ལོ་གསར་སླེབས་ཀྱི་ཡོད་་པ་དང་། ལོ་གསར་གྱི་བཀྲ་ཤིས་སྨོན་ཚིག་སླར་ཡང་འདི་ནས་གྲགས་སྲིད།
“ཉི་འོད་གྲོང་ཁྱེར”འདིར། ལོ་གསར་གཏོང་སྲོལ་གཉིས་ལས་མཐུན་སྒྲིལ་དང་དྲོ་སྐྱིད་ཀྱི་འོད་ཟེར་ཁྱིམ་ཚང་ཚང་མར་འཕྲོ་བར་ངེས།
(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན)