དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ལྗོངས་ཀྱིས་ཕུད་འགྲེམ་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་བྱ་ཐབས་བཏོན་པ།

    ཐེངས་གཅིག་རང་ལ་བྱ་དགའ་མཐོ་ཤོས་སྒོར་ཁྲི་150སྤྲོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-03

    ཉེ་ཆར། བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་སོགས་སྡེ་ཚན་9ཡིས《བོད་རང་སྐྱོང་ལྗོངས་ཀྱིས་ཕུད་འགྲེམ་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་བྱ་ཐབས་འགའ་ཞིག》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)བཀྲམ་ནས་ཚོང་ཁང་དང་པོ་ཕུད་འགྲེམ་དང་། ལས་རྣམ་གསར་པ་སྐྱེད་སྲིང་། འཛད་སྤྱོད་བྱ་ཡུལ་རིམ་སྤོར་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས་ཞིབ་ཕྲའི་སྲིད་ཇུས་8བཏོན་པ་དེའི་དམིགས་ཡུལ་ནི་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཁོར་ཡུག་ལེགས་སུ་གཏོང་བ་བརྒྱུད་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་དང་མགྱོགས་མྱུར་མཉམ་འདྲེས་དང་འཛད་སྤྱོད་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱས་ནས། བོད་འདི་ཉིད་རྒྱལ་སྤྱིའི་ཡིད་དབང་འགུགས་ཤུགས་ལྡན་པའི་ཕུད་འགྲེམ་དཔལ་འབྱོར་གྱི་མཐོ་ས་གསར་པ་ཞིག་ཏུ་བསྐྲུན་ཆེད་རེད།

    《བྱ་ཐབས》ནང་ཁ་གསལ་བཏོན་དོན། བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་གྲགས་ཅན་སྤུས་རྟགས་ཀྱིས་བོད་དུ་ཚོང་ཁང་དང་པོ་དང་ཚོང་ཁང་ཨ་མ་འཛུགས་པར་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུ་ཡིན་ཞིང་། རྒྱལ་ཁབ་ཕྱི་ནང་གི་གྲགས་ཅན་ཚོང་རྟགས་ཁེ་ལས་ཀྱིས་བོད་དུ་ནང་འདྲེན་བྱེད་མཁན་དང་ལོ་2ཡན་གྲོས་མཐུན་བཞག་པའམ་ཡང་ན་རང་བདག་སྡེ་ལས་ཀྱི་རང་བརྟེན་ཁྲིམས་མིའི་ངོ་བོ་ལྡན་པའི་ཚོང་རྟགས་ཚོང་ཁང་དང་པོ་འཛུགས་པ་དང་། ཀྲུང་གོའི(ནང་ས)ཚོང་ཁང་དང་པོ་དང་། ལྷོ་ནུབ་ཀྱི་ཚོང་ཁང་དང་པོ། བོད་ཀྱི་ཚོང་ཁང་དང་པོ། ཚོང་ཁང་ཨ་མ་བཅས་ཀྱི་བླང་བྱ་དང་མཐུན་པར་སྒོར་ཁྲི་150དང་། སྒོར་ཁྲི་100 སྒོར་ཁྲི་70 སྒོར་ཁྲི་40བཅས་ཀྱི་ཐེངས་གཅིག་རང་གི་གཞིས་ཆགས་བྱ་དགའ་སྤྲོད་རྒྱུ་དང་འབྲེལ་ཕུད་འགྲེམ་བྱེད་སྒོ་གཉེར་རྒྱུར་རྒྱབ་སྐྱོར་བྱེད་པའི་ཐད་མཐོ་ཤོས་ལ་སྒོར་ཁྲི་100ཁ་གསབ་སྤྲོད་རྒྱུ་རེད།

    སྤུས་རྟགས་ཚོང་ཁང་དང་པོར་གཞིས་ཆགས་བྱ་དགའ་སྤྲོད་པ་ཕུད། བོད་ཀྱིས་ཀྲུང་གོའི(ནང་ས)ཚོང་ཁང་དང་པོ་དང་། ལྷོ་ནུབ་ཚོང་ཁང་དང་པོ། བོད་ཀྱི་ཚོང་ཁང་དང་པོ། ཚོང་ཁང་ཨ་མ་བཅས་དང་ལོ་2དང་དེ་ཡན་གྱི་གཞིས་ཆགས་གྲོས་མཐུན་བཞག་པའི་ཚོང་ལས་གཉེར་སྐྱོང་ཚོང་པ་དང་། ཕྱོགས་གསུམ་པའི་སྒྲིག་གཞི། མཐུན་ཚོགས་བཅས་ལ་སྤུས་རྟགས་ཚོང་ཁང་དང་པོ་ནང་འདྲེན་བྱེད་པའི་ནུས་རིམ་དང་གྲངས་འབོར་ལ་གཞིགས་ནས་བྱ་དགའ་མཐོ་ཤོས་ལ་སྒོར་ཁྲི་100སྤྲོད་རྒྱུ་རེད།

    《བྱེད་ཐབས》ནང་ཁ་གསལ་བཏོན་པར། ཕུད་འགྲེམ་དཔལ་འབྱོར་དང་ཁྱད་ལྡན་ཐོན་ལས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས་ཀྲུང་ཧྭ་དང་བོད་ཀྱི་ཚོང་རྟགས་གྲགས་ཅན་གྱིས་བོད་ཀྱི་ཚོང་ལས་ཁུལ་དང་། ཁྱད་ལྡན་ཁྲོམ་གཞུང་། ཡུལ་སྐོར་མཛེས་ལྗོངས་ཁུལ། ཐོན་ལས་གླིང་ཁུལ། འགྲིམ་འགྲུལ་ལྟེ་གནས་སོགས་ཁྱབ་ཁོངས་སུ་ཐད་གཉེར་ཚོང་ཁང་འཛུགས་པ་དང་། ཡུལ་དེ་གའི་སྤུས་རྟགས་ཁེ་ལས་ཀྱིས་ལྗོངས་ཕྱི་རོལ་དུ་མུ་འབྲེལ་ཐད་གཉེར་ཚོང་ཁང་བཙུགས་ཚེ་བྱ་དགའ་མཐོ་ཤོས་ལ་སྒོར་ཁྲི་80དང་སྒོར་ཁྲི་50སོ་སོར་སྤྲོད་རྒྱུ་ཡིན་ཞིང་། གཞན་ཡང་ལྗོངས་ཕྱི་རོལ་གྱི་མུ་འབྲེལ་གཉེར་སྐྱོང་ཚོང་དོན་ཁེ་ལས་ཀྱིས་བོད་དུ་ཐད་གཉེར་ཚོང་ཁང་འཛུགས་པར་ཡང་བྱ་དགའ་མཐོ་ཤོས་སྒོར་ཁྲི་50སྤྲོད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།