དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལོ་བཅོ་བརྒྱད་སོང་རྗེས་ཚེ་བརྟན་སྒྲོལ་མ་སླར་ཡང་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་གར་སྟེགས་ཐོག་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-01

    ཟླ་1ཚེས་28ཉིན་གྱི་དགོང་མོར། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི《2025ལོའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་མཚན་ཚོགས》ལ་ལོ་88ལ་སོན་པའི་བོད་རིགས་ཀྱི་སྐད་གདངས་མཐོ་བའི་གཞས་མ་དང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་ཚེ་བརྟན་སྒྲོལ་མ་བོད་ལྗོངས་ལྷ་སའི་ཡན་ལག་ཚོགས་རར་ཕེབས་ནས་བོད་ཀྱི་ཇོ་མོ་གླང་མའི་ལོ་ཆུང་བྱིས་པའི་མཉམ་གཞས་ཚོགས་པ་དང་མཉམ་དུ《ཡར་ལངས་ཞིང་བྲན་གྱིས་གླུ་དབྱངས་ལེན》ཞེས་པའི་གླུ་གཞས་བཏང་གནང་བ་རེད།

    “ཉི་མའི་འོད་ཟེར་ཕྱོགས་བཅུར་འཕྲོ། ཐང་དཀར་རྒོད་པོས་གཤོག་རྩལ་ངོམ། ས་མཐོའི་དཔྱིད་དཔལ་རབ་ཏུ་བཞད། ང་ཚོས་གླུ་དབྱངས་མི་ལེན་ག་ལ་སྲིད” 《ཡར་ལངས་ཞིང་བྲན་གྱིས་གླུ་དབྱངས་ལེན》ཞེས་པ་ནི་ཚེ་བརྟན་སྒྲོལ་མས་1959ལོར་པར་ལེན་བྱས་པའི་དངོས་གཞིའི་པར་གཞི《དེང་གི་བོད་ལྗོངས》ནང་བཏང་བའི་བརྗོད་དོན་གཙོ་བོའི་གཞས་ཤིག་ཡིན་པ་དང་། ཁོང་གིས་གཞས་འདི་བླངས་ནས་སྐད་གྲགས་ཆོད་ཡོད།

    ཞིང་བྲན་གྱི་བུ་ཕྲུག་ནས་མི་དམངས་ཀྱི་སྒྱུ་རྩལ་མཁས་ཅན་བར་དང་། ལོ་ཆུང་གཞོན་ནུ་མ་ཞིག་ནས་རྒན་རྒོན་བར། ཚེ་བརྟན་སྒྲོལ་མའི་རྩམ་དྲི་དང་མར་དྲི་བྲོ་བའི་སྙན་འཇེབས་ཀྱི་འགྱུར་ཁུག་གིས་མི་རྣམས་ཀྱི་ཡིད་དབང་འཕྲོག་པར་བྱས་ཡོད།

    ད་ལོའི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ལ་ཚེ་བརྟན་སྒྲོལ་མར་བརྩེ་བ་ཟབ་མོ་ལྡན་ཞིང་། ད་ལོའི་ཟླ་དང་པོའི་ཟླ་སྟོད་དུ་བོད་ཀྱི་དིང་རི་རྫོང་ལ་ས་ཡོམ་རིམ་པ་6.8བརྒྱབ་པར་བོད་ཀྱི་གཞིས་རྩེར་འཁྲུངས་པའི་ཚེ་བརྟན་སྒྲོལ་མས་ཕ་ཡུལ་གྱི་མི་དམངས་ལ་འཕྲེང་སེམས་བཅངས་ཏེ། ད་རེས་ཀྱི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་སྐབས་དང་བསྟུན་ཏེ་ཁོང་གིས་རང་ཉིད་ཀྱི་སྙན་འཇེབས་ལྡན་པའི་གླུ་དབྱངས་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དོ་ཁུར་དང་། རོགས་རམ། རྒྱབ་སྐྱོར་བཅས་གནང་བར་ཐུགས་རྗེ་ཆེ་ཞུ་ལུགས་མཚོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།