དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ད་ལོའི་དཔྱིད་གསར་དུས་ཆེན་དང་གཞིས་རྩེའི་སོ་ནམ་ལོ་གསར་མཉམ་དུ་འཁེལ་བ།

    དཔྱིད་གསར་དུས་ཆེན་མཚན་ཚོགས་ལྟ་བཞིན་དུ། དགའ་སྤྲོ་མཉམ་འཛོམས་དགུ་ཐུག་ཟས་ལ་རོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-01

    འདི་ནི་ཚེ་རིང་དོན་གྲུབ་ནང་གི་ཨ་མས་ཚང་མར་དགུ་ཐུག་བླུག་བཞིན་པ།

    ཟླ་1ཚེས་28ཉིན་ནི་དཔྱིད་གསར་དུས་ཆེན་གྱི་གནམ་གང་ཡིན་ལ། གཞིས་རྩེའི་སོ་ནམ་ལོ་གསར་གྱི་ཚེས་29ཡང་ཡིན།

    ད་ལོ་ནི“མངོན་མིན་རིག་གནས་ཤུལ་བཞག་མངོན་པའི་དཔྱིད་གསར་དུས་ཆེན”ཐོག་མ་དེ་ཡིན་པས། གསར་འགོད་པ་བསམ་གྲུབ་རྩེ་ཆུས་རྒྱ་མཚོ་གཞུང་ཤང་སེ་མ་གྲོང་ཚོར་ཡོང་ནས། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་སེ་མའི་བྲོའི་རྒྱུན་འཛིན་པ་ཚེ་རིང་དོན་གྲུབ་ཁྱིམ་དུ་མངོན་མིན་རིག་གནས་ཤུལ་བཞག་ལ་མྱོང་རོལ་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་གི་སྔ་དེང་གླེང་བ་མ་ཟད། མཉམ་དུ་ལོ་གསར་མཉམ་འཛོམས་ཀྱི་དགུ་ཐུག་ཀྱང་བཏུངས་པ་ཡིན།

    ད་ལོ་ལོ་80ལ་སོན་པའི་རྒད་པོ་ཚེ་རིང་དོན་གྲུབ་ཀྱིས་ལུས་ལ་གཟབ་མཆོར་སྤྲས་ནས་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ཀྱི་ལེ་ཚན་སྟོན་རྒྱུར་བསྒུགས་ནས་བསྡད་པ་དང་། ནང་མི་གཞན་ཚོ་དགུ་ཐུག་གྲ་སྒྲིག་ལས་ལ་བྲེལ་བཞིན་ཡོད། “གྲོ་དང་སྙེ་མ་གང་དུ་ཡོད”“དགུ་ཐུག་གི་རྫས་སྣ་དགུ་ཚང་སོང་ངམ” “ཁྱེད་ཚོས་ཤོག་སྦག་ཉོས་ཡོད་དམ”

    ཆུ་ཚོད་དགུ་པ་ཙམ་ལ། ཁྱིམ་གྱི་བུད་མེད་ཚོས་ཐུག་པ་བག་རིལ་བཟོས་ནས་ལྟོ་སྣོད་ནང་བླུག་འགོ་ཚུགས་པ་དང་། སྐར་མ་40ཙམ་སོང་རྗེས། ཁྱིམ་མི་ཚང་མ་མཉམ་དུ་དགུ་ཐུག་ཚ་པོ་ཞིག་བཏུང་འགོ་ཚུགས།

    “ང་ལ་བལ་འཁེལ་བྱུང་། དེས་གཤིས་རྒྱུད་འཇམ་པོ་ཡོད་པ་མཚོན། ཁྱེད་ལ་གང་འཁེལ་འདུག”“ཁྱེད་ལ་ཚྭ་འཁེལ་ན་སྒྱིད་ལུག་ཡིན་པ་མཚོན་གྱི་ཡོད”ཚང་མས་སོ་སོར་འཁེལ་བའི་རྫས་སྣའི་མཚོན་དོན་སྐོར་གླེང་བཞིན་དགོད་སྒྲས་ཁེངས།

    “ངས་ང་ཚོའི་སེ་མའི་བྲོ་འཁྲབ་མཁན་པ་སངས་ཚེ་རིང་དང་། ལྷག་པ་ཚེ་རིང་སླེབས་པ་མཐོང་བྱུང་། བོད་ལྗོངས་ལྷ་སའི་ཡན་ལག་ཚོགས་རའི་ལྷ་རྩེའི་སྟོད་གཞས་དང་། ས་དགའི་རྒྱ་གཞས་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་འཁྲབ་སྟོན་ལྟད་མོ་ཆེན་པོ་འདུག་ལ། གར་སྟེགས་ཀྱང་ཧ་ཅང་མཛེས་པོ་བཟོས་འདུག”ཅེས་རྒད་པོ་ཚེ་རིང་དོན་གྲུབ་ཀྱིས་བརྙན་འཕྲིན་ལ་ལྟ་བཞིན་དུ་མྱོང་ཚོར་ཟབ་མོས་བཤད།

    རྒད་པོས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག བསམ་གྲུབ་རྩེ་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་ལས་དོན་ལ་མཐོང་ཆེན་གནང་སྟེ། མ་དངུལ་འབོར་ཆེན་བཏང་ནས་སྒྲིག་ཆས་དང་། གྱོན་ཆས། འཁྲབ་སྟོན་ཡོ་ཆས་བཅས་ཆ་ཚང་པོ་བཟོས་པས་སེ་མའི་བྲོའི་དཔུང་ཁག་སྟོབས་ཆེར་ཕྱིན་ཡོད་ལ། བསམ་བཀོད་ཐོན་རྫས་གསར་སྤེལ་བྱས་ནས་སེ་མའི་བྲོ་རྒྱུན་འཛིན་དང་འཕེལ་རྒྱས་ཡག་པོ་བྱུང་སྟེ། བསམ་གྲུབ་རྩེ་ཆུས་ཀྱི་རིག་གནས་དང་ཡུལ་སྐོར་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་མ་ནུས་ལྡན་ཐེབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།