འཁྲུག་ཆ་དོད་པའི་དཔྱིད་གསར་དུས་ཆེན།
དཔྱིད་གསར་དུས་ཆེན་རིང་། ས་མཐོའི་གང་སར་ལྒང་བཞུ་དམར་པོ་དང་དར་ཚོན་གྱིས་བརྒྱན་ནས་བཀྲ་ཤིས་འཆམ་མཐུན་གྱི་རྣམ་པ་མངོན་ཞིང་། དུད་ཚང་ཚང་མས་ལོ་རྙིང་ཕར་ལ་བསྐྱལ། ལོ་གསར་ཚུར་ལ་བསུ་བའི་བཀྲ་ཤིས་སྨོན་འདུན་ཞུས་ནས་རེ་བས་ཡོངས་སུ་ཁེངས་པའི་ལོ་གསར་བསུ་འགོ་བརྩམས། འདི་ནི་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གྲམ་མཚོ་ཤང་གཡུ་སྤེ་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ་བཀྲ་ཤིས་མཚོན་པའི་ཡི་གེ་སྦྱར་བཞིན་པ།
འདི་ནི་གྲོང་མི་དང་ཡུལ་སྐོར་བས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་2025ལོའི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ཀྱི་བོད་ལྗོངས་ལྷ་སའི་ཡན་ལག་ཚོགས་རར་དྲན་རྟེན་པར་རྒྱག་བཞིན་པ།