དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཞིང་ལས་མཉམ་ལས་ཀྱིས་རྒྱལ་སྤྱིའི་དབུལ་པོ་ཉུང་གཏོང་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཡུས་དབྱི་ཁྲུན། ཁྲེན་ཞའོ་ཝེ། ཧོང་ཝེ་ཤིན།   |     སྤེལ་དུས།  2025-01-27

    འདི་ནི་ཀྲུང་གོའི་རིགས་གཅིག་མཁས་ཅན(གཡོན)གྱིས་ཝེར་ཏེ་གླིང་ཟུར་དུ་ཡུལ་དེའི་དྲོད་ཁང་སྔོ་ཚལ་ལ་ནད་འབུའི་གནོད་འཚེ་ཐོན་མིན་ལ་བརྟག་དཔྱད་བྱེད་བཞིན་པ།

    འདི་ནི་ཀྲུང་གོའི་རིགས་གཅིག་མཁས་ཅན(གཡས)གྱིས་སྔ་སྨིན་འབྲས་ཞིང་ནང་ཕ་ཕུ་ཡ་ཀུའི་ནེ་ཡའི་ཞིང་པར་ལག་རྩལ་སློབ་བཞིན་པ།

    འདི་ནི་པའོ་ལུའོ·མུའུ་ནཱ་ནཱ་ཡིས་ཀྲོ་མ་ཀྲུའི་སྐྱེ་འཚར་ལ་ལྟ་བཞིན་པ།

    ཚོད་ལྟའི་ལས་དོན་སྤེལ་བ་དང་། ལག་རྩལ་གསོ་སྦྱོང་སྒྲིག་འཛུགས་བྱེད་པ། ཞིང་ལས་རྒྱུ་ཆ་དང་ཞིང་འཕྲུལ་ཡོ་བྱད་མཁོ་འདོན་བྱེད་པ། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་སོགས། ལོ་མང་རིང་ཀྲུང་གོའི་ཞིང་ལས་རིགས་གཅིག་མཁས་ཅན་ཁག་གཅིག་གིས་རི་མཚོ་བསྒྲལ་ནས་ཀྲུང་གོའི་ཞིང་ལས་སྣ་ཁ་སྤུས་ལེགས་དང་། སྔོན་ཐོན་ཞིང་ལས་ལག་རྩལ། ཞིང་ལས་འཕེལ་རྒྱས་ཀྱི་ཕུན་སུམ་ཚོགས་པའི་ཉམས་མྱོང་བཅས་ཁྱེར་ནས་འཛམ་གླིང་ཐོག་གི་ས་ཁུལ་མི་འདྲ་བའི་དམངས་ཚོགས་ལ་འཕེལ་རྒྱས་ཀྱི་རེ་བ་གསར་པ་སྦྱིན་ཡོད།

    2024ལོའི་ཟླ་5པར་ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་དང་ཝེར་ཏེ་གླིང་ཟུར་ལྷོ་ལྷོ་མཉམ་ལས་རྣམ་གྲངས་ཀྱི་རིགས་གཅིག་མཁས་ཅན་ཚོགས་ཆུང(གཤམ་ལ“ཀྲུང་གོའི་རིགས་གཅིག་མཁས་ཅན་ཚོགས་ཆུང”ཞེས་བསྡུ་རྒྱུ)གིས་ཨ་སོ་མ་ཏ་ས་ཁུལ་དུ་བསྐྱོད་ནས་ལྡུམ་རའི་ལག་རྩལ་དང་འབྲོག་ལས་ལག་རྩལ་གསོ་སྦྱོང་བྱས་ཏེ་ཀུང་སར་ཝེ་སི་དང་ཞིང་དུད་40ལྷག་ཙམ་ལ་རེ་བ་སྦྱིན་ཡོད་པ་རེད།

    གསོ་སྦྱོང་དང་ལེན་བྱས་རྗེས་ཀུང་སར་ཝེ་སིས་སྦྱངས་པའི་ཤེས་བྱ་དག་འཕྲལ་དུ་ཐོན་སྐྱེད་ནང་སྤྱད་ཅིང་། ནད་འབུའི་གནོད་འཚེ་ཆུང་དུ་གཏོང་ཆེད། ཁོང་གིས་ཝེར་ཏེ་གླིང་ཟུར་རྒྱལ་ཁབ་ཞིང་ལས་ཞིབ་འཇུག་དང་འཕེལ་རྒྱས་ཞིབ་འཇུག་སུའོ་ལ་གནོད་འབུ་འཛིན་ཆས་སོགས་སྐྱེ་དངོས་སྔོན་འགོག་དང་ཚོད་འཛིན་སྒྲིག་ཆས་རེ་ཞུ་བྱས་ནས་ཞིང་རར་བསྒར་ཡོད། ས་རྒྱུར་ལུད་འདུས་ཚད་མཐོ་རུ་གཏོང་ཆེད། ཁོང་གིས་ཕྱུགས་རིགས་ཀྱི་ལྕི་བ་སོགས་སྐྱེ་ལྡན་ལུད་དུ་ལས་སྣོན་བྱས་པ་མ་ཟད། ད་དུང་མིས་བཟོས་ཕྱུགས་རྩྭ་ཚོད་འདེབས་བྱས་ནས་གསོག་འཇོག་བྱས་པ་རེད།

    མིག་སྔར་རྣམ་གྲངས་དེར་དཔེ་སྟོན་ས་ཚིགས་15བསྐྲུན་ནས་ལག་རྩལ་གསོ་སྦྱོང་དང་དཔེ་སྟོན་ཁྱབ་གདལ་ཐེངས་10ལྷག་ཙམ་བྱས་པར་ཁྱོན་མི་1000ལྷག་ཙམ་ཞུགས་ཡོད། “དཔེ་སྟོན་དུད་ཚང་ལ་ལོ་ལེགས་བྱུང་བ་མཐོང་སྐབས་ཡུལ་དེའི་ཞིང་པ་སྔར་བས་མང་བར་ཀྲོ་མ་ཀྲུ་འདེབས་རྒྱུའི་སེམས་ཤུགས་སྐྱེས་ནས་གསོ་སྦྱོང་ནང་མིང་ཐོ་འགོད་མཁན་མང་དུ་ཕྱིན་སོང”ཞེས་རྣམ་གྲངས་ཀྱི་ཁོངས་མི་ཨའེ་ཀེ་ཏུན་སློབ་ཆེན་ཁུང་ཙི་སློབ་གླིང་གི་ཀྲུང་གོ་ཕྱོགས་ཀྱི་ཡོན་ཀྲང་ལིའུ་ཡུས་ཐའོ་ཡིས་བརྗོད།

    ཁེན་ནི་ཡའི་ཨའེ་ཀེ་ཏུན་སློབ་ཆེན་ལྡུམ་རའི་ལག་རྩལ་རིག་པའི་དགེ་རྒན་ཆེ་མོ་བ་གཞོན་པ་གཡོད་ཧྲུའུ་ཡཱ·ཨའོ་ཀེ་དབུན་ནུའོ་ཡིས། ཞིབ་འཇུག་བྱས་པ་བརྒྱུད་ཀྲུང་གོའི་ལག་རྩལ་གྱིས་ཀྲོ་མ་ཀྲུའི་ལོ་མ་རྙིད་པའི་ནད་ཐོན་ཚད་90%ནས་10%བར་ཉུང་དུ་བཏང་བས། ཀྲོ་མ་ཀྲུའི་ཐོན་འབབ་མུའུ་རེར་སྤྱི་རྒྱ་5000ནས་6000བར་མང་དུ་ཕྱིན་ཏེ་མུའུ་རེ་ནས་ཁེན་ནི་ཡའི་སྒོར་ཁྲི་10(མི་དམངས་ཤོག་སྒོར་1རེར་ཁེན་ནི་ཡའི་སྒོར་18ཡིན་པ)འབབ་འཕར་བྱུང་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།