དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་པ།

    ཏང་ཀྲུང་དབྱང་གིས་ཆེ་དགྲ་ལྷར་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པར་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་བྱ་རྒྱུའི་གཏན་འབེབས་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-27

    ཚེས་24ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ནས། ཆེ་དགྲ་ལྷར་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པའི་བརྡ་ཁྱབ་བཏང་བ་དང་མིག་སྔར་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད། ཚོགས་ཞུགས་བློ་མཐུན་ཚོས། ཏང་ཀྲུང་དབྱང་གི་གཏན་འབེབས་དང་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་གཏན་འབེབས་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་གི་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། ཏང་ཀྲུང་དབྱང་གིས་ཆེ་དགྲ་ལྷར་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པར་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་གནང་བ་དེ་ཐོག་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་དང་རང་ངོས་གསར་བརྗེ་མཐར་ཕྱིན་བྱེད་པའི་ཆོད་སེམས་བརྟན་པོ་གང་ལེགས་མཚོན་པ་དང་། ཏང་ཀྲུང་དབྱང་གིས་རུལ་རྒོལ་ཐད་བཀག་རྒྱ་མེད་པ་དང་། ཕྱོགས་ཡོངས་ལ་ཁྱབ་པ། ཐར་པར་གཏན་ནས་མི་གཏོང་བ་བཅས་ཀྱི་ལངས་ཕྱོགས་གསལ་པོ་མཐའ་འཁྱོངས་གནང་བ་གང་ལེགས་མཚོན་པ། ཏང་ཀྲུང་དབྱང་གིས་བོད་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་ཏང་ཡོན་ལས་བྱེད་པར་དོ་དམ་ནན་པོ་དང་གཅེས་སེམས་ཟབ་མོ་འཆང་ལུགས་གང་ལེགས་མཚོན་གྱི་ཡོད། དེར་བརྟེན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་ཀྲུང་དབྱང་གི་གཏན་འབེབས་དང་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་གཏན་འབེབས་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་གི་ཡིན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ། ལྷག་པར་དུ་རིམ་ཁག་འགོ་ཁྲིད་ལས་བྱེད་པ་བཅས་ཀྱིས་གང་དེ་བསླབ་བྱར་ལེན་པ་དང་ཉེན་བརྡ་རྒྱུན་སྒྲོག་གིས་རང་རྟོགས་ངང་ཆེ་དགྲ་ལྷར་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པའི་གནད་དོན་དེ་དཔྱད་གཞིའི་མེ་ལོང་དུ་བཟུང་སྟེ། རུལ་རྒོལ་ལ་མཚམས་མེད་རྒྱུན་སྒྲུབ་བྱེད་པའི་སྲ་བརྟན་གྱི་སྙིང་རུས་དང་། འཐབ་ཇུས་ཀྱི་ངེས་ཤུགས། དམ་བསྒྲགས་ཀྱི་རྣམ་པ་བཅས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། དམིགས་བསལ་རང་བཞིན་གང་ཡང་མེད་པའི་བསམ་བློར་བརྟེན་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་སྟེ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཡག་པོར་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་དད་སེམས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་དང་སྙིང་སྟོབས་ཀྱི་འཚོ་བཅུད་ཟབ་ལེན་བྱས་ཏེ། བསམ་བློའི་ཐོག་གི་རིག་པ་དྭངས་གསལ་ལ་བརྟེན་ནས་དབང་ཆ་སྤྱོད་པའི་ཐད་ཀྱི་རིག་པ་དྭངས་གསལ་འགན་ལེན་བྱེད་པ་དང་གོ་རྟོགས་མཐོ་རུ་གཏོང་བའི་ཐོག་ནས་ས་མཐོར་ལེགས་སྐྱེས་ཀྱི་བརྩེ་དུང་ཟབ་ཏུ་གཏོང་དགོས། ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་བརྟན་དུ་གཏོང་བ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་ནན་པོ་སྲུང་བ་བཅས་བྱས་ཏེ། “སྲུང་སྐྱོང་གཉིས”དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པའི་བྱ་སྤྱོད་དང་། རང་འགན་གཙང་སྒྲུབ་དང་རང་འཁྲིའི་ལས་འགན་ལེགས་པར་སྒྲུབ་པའི་ཕན་འབྲས་དངོས། ཏང་ཡོན་དང་ལས་བྱེད་པའི་རྒྱུན་གཏན་གྱི་གཏམ་སྤྱོད་བཅས་ཀྱི་ཐོག་ནས་དངོས་འབྲེལ་མངོན་པར་བྱེད་དགོས། དགོངས་གཞི་ནན་པོ་མཐའ་འཁྱོངས་ཀྱིས་སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱས་ཏེ། ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་མཉམ་བཤེར་མཉམ་བཅོས་མཐའ་འཁྱོངས་ཀྱིས“མཉམ་བཤེར”ལ་བརྟེན་ནས་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་ཆད་པ་ནན་པོ་གཅོད་པ་དང་། “མཉམ་བཅོས”ལ་བརྟེན་ནས་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་ཐུན་མོང་གི་འབྱུང་རྩ་མེད་པར་བཟོས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་། རྒྱུན་སྲིང་དམག་འཐབ། སྤྱི་ཡོངས་དམག་འཐབ་འདི་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་ཏེ་རང་འགུལ་ངང་དམ་འཛིན་དང་རང་འགུལ་ངང་དོ་དམ་བྱེད་དགོས་པ་དང་། འགན་འཁུར་བློ་མཐུན་གཙོ་བོས“འགན་འཁུར་བ་དང་པོའི”འགན་འཁྲི་ལེགས་པར་འཁུར་དགོས་པ། ཚན་ཁག་གི་ཁོངས་མིས“ལས་གནས་གཅིག་ལ་འགན་འཁྲི་གཉིས”ནན་ཏན་ངང་ཁུར་ནས་རང་ལ་བླང་བྱ་ནན་པོ་འདོན་པ་དང་། འགན་འཁྲི་ནན་པོ་ཁུར་བ། ཁོངས་གཏོགས་ཁུལ་ལ་དོ་དམ་ནན་པོ་བཅས་བྱེད་དགོས། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་གྱི་འགན་འཁྲི་ནན་ཏན་ངང་ཁུར་ནས་ཏང་ཡོན་ལས་བྱེད་པའི་རྒྱུན་གཏན་གྱི་སློབ་གསོ་ལྟ་སྐུལ་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། “ཐབས་རྣམ་བཞི”དངོས་ཐོག་བདེན་འཚོལ་ངང་སྤྱོད་པ། འགན་འཁྲི་བདའ་འདེད་ནན་ཏན་དང་གནད་སྨིན་ངང་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་པར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།