2025ལོའི《ངའི“གྲོང་གསེབ་ཀྱི་མཚན་ཚོགས”ངའི་ལོ་གསར》ཞེས་པའི་བྱེད་སྒོ་སྤེལ་འགོ་ཚུགས་པ།
ཟླ་1ཚེས་22ཉིན་ནས་བཟུང་། རིག་གནས་དང་ཡུལ་སྐོར་པུའུ་དང་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་མཉམ་དུ་བཏོན་པའི་2025ལོའི《ངའི“གྲོང་གསེབ་ཀྱི་མཚན་ཚོགས”ངའི་ལོ་གསར》གྱི་མཐུད་རྒྱུག་ཐད་གཏོང་བྱེད་སྒོ་རྒྱལ་ཡོངས་ཀྱི་ས་གནས་མང་པོའི་གྲོང་གསེབ་ཏུ་སྤེལ་འགོ་ཚུགས་ཡོད། ཀྲུང་དབྱང་བརྙན་ལམ་དང་རྒྱལ་ཁབ་སྤྱི་པའི་རིག་གནས་སྤྲིན་ཚོམ་གྱིས་ས་གནས་ཁག་ཏུ“གྲོང་གསེབ་མཚན་ཚོགས”ཆུ་ཚོད་36རིང་མཚམས་མི་ཆད་པར་བསྟན་ནས་ལྟད་མོ་བ་ཚོར“གྲོང་གསེབ”ཀྱི་ཁྱད་ཆོས་ཟབ་མོ་ཕྱོགས་བཞིར་ཁྱབ་པའི་རིག་གནས་ཀྱི་སྟོན་མོ་བཤམས་ཡོད།
ཐད་གཏོང་བྱེད་རིང་། ཞིང་ཆེན་12(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)ནས་ཡོང་བའི“གྲོང་གསེབ་མཚན་ཚོགས”ཀྱི་སྐུ་མགྲོན་16འཁྲབ་གཏོང་ཁང་དུ་གདན་དྲངས་ཏེ་ཡངས་ཤིང་རྒྱ་ཆེ་བའི་གྲོང་གསེབ་ཀྱི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་དང་། རིག་གནས་སྒྱུ་རྩལ། མངོན་མིན་རིག་གནས་ཤུལ་བཞག་གི་གོམས་སྲོལ་བཅས་མཉམ་སྤྱོད་བྱས་ཡོད། ས་གནས་21གི་གྲོང་གསེབ་ཀྱི་ཉམས་འགྱུར་ལྡན་ལ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི“གྲོང་གསེབ་ཀྱི་མཚན་ཚོགས”རེས་མོས་ཀྱིས་འཁྲབ་སྟོན་བྱས་པས་དགའ་སྤྲོ་དང་འཁྲུག་ཆ་དོད་པའི་རྣམ་པས་ཁེངས་ཡོད།
2025ལོར་ཤུལ་བཞག་རེ་ཞུ་བདེ་བླག་བྱུང་རྗེས་ཀྱི་དཔྱིད་གསར་དུས་ཆེན་ཐེངས་དང་པོ་འཆར་ལ་ཉེར་བའི་མཚམས་འདིར《ངའི“གྲོང་གསེབ་ཀྱི་མཚན་ཚོགས”ངའི་ལོ་གསར》ཟླ་1ཚེས་22ཉིན་གྱི་ཆུ་ཚོད་10:00ནས་ཚེས་23ཉིན་གྱི་ཆུ་ཚོད་22:00བར་ཀྲུང་དབྱང་བརྙན་ལམ་དང་རྒྱལ་ཁབ་སྤྱི་པའི་རིག་གནས་སྤྲིན་ཚོམ་ལས་སྟེགས་སུ་མཚམས་མི་ཆད་པར་བསྟན་པ་དང་བྱེད་སྒོའི་བརྗོད་དོན་གཙོ་བོ་ཡང་ལས་སྟེགས་གཉིས་ནས་དྲ་ཐོག་ཏུ་མཉམ་དུ་བསྟན་ཡོད།