དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ལུག་གསོས་ནས་ཕྱུག་འགྱུར་ལམ་བུར་སྐྱོད།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-01-26

    འདི་ནི་མང་ཚོགས་ཀྱིས་རང་ཉིད་ལ་བགོས་པའི་ལུག་འཁྲིད་བཞིན་པ།

    འདི་ནི་མང་ཚོགས་ཀྱིས་བགོ་འགྲེམས་རག་པའི་ལུག་འདེམས་བཞིན་པ།

    ཉེ་ཆར། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་བར་ཡངས་གྲོང་རྡལ་ཕྱོགས་བསྡུས་འབྲོག་ལས་ཆེད་ལས་མཉམ་ལས་ཁང་གིས་ཁེ་སྤོགས་བགོ་བའི་མཛད་སྒོ་གཉེར་ནས། བར་ཡངས་གྲོང་རྡལ་རྟ་ར་གྲོང་ཚོའི་དུད་ཚང་སོ་སོར་ལུག་རེ་བགོས་པར། ཁྱོན་སྒོར་ཁྲི་20.1རི་བའི་ལུག་མགོ་གྲངས་183བགོས་ཡོད། ལུག་བགོས་པ་བརྒྱུད། མཉམ་ལས་ཁང་དང་འབྲོག་པའི་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་དང་། མང་ཚོགས་ཀྱིས་ལུག་གསོ་བའི་ཧུར་སེམས་ཆེ་རུ་ཕྱིན་པ། འབྲོག་ལས་ཐོན་ལས་དེང་རབས་ཅན་དང་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་དང་། འབྲོག་པའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་ཤུགས་ཆེན་ཐེབས་ནས། གྲོང་གསེབ་དར་རྒྱས་ཀྱི་ལམ་བུར་སྐྱོད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།