དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་ལེའོ་ཉིང་དུ་ཕེབས་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ།

    རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་དང་མི་རིགས་ཁག་གི་མི་དམངས་བདེ་སྐྱིད་ཁམས་བཟང་དང་རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུས་པ།

    ཚའེ་ཆི་རྟོག་ཞིབ་གནང་སྐབས་ལྷན་དུ་ཕེབས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-01-26

    ཟླ་1ཚེས་22ནས་24ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གྲང་ངར་ལ་མ་འཛེམས་པར་ལེའོ་ཉིང་དུ་ཕེབས་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་ཞིང་། འདི་ནི་ཚེས་22ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཧུའུ་ལུའུ་ཏའོ་གྲོང་ཁྱེར་སུའེ་ཀྲུང་རྫོང་མིང་ཧྲུའེ་མན་ཇུ་རིགས་ཤང་ཀྲུའུ་ཅ་ཀོའུ་གྲོང་ཚོར་རྟོག་ཞིབ་གནང་སྐབས་གྲོང་མི་ཚོ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ནས་ཚང་མར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུ་བཞིན་པ།

    ཟླ་1ཚེས་22ནས་24ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གྲང་ངར་ལ་མ་འཛེམས་པར་ལེའོ་ཉིང་དུ་ཕེབས་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་ཞིང་། འདི་ནི་ཚེས་23ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཧྲེན་དབྱང་ཏ་ཏུང་ཞོར་ཟས་ཁྲོམ་རར་རྟོག་ཞིབ་གནང་སྐབས་ཚོང་པ་དང་ཉོ་མཁན་ཚོ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ནས་ཚང་མར་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུ་བཞིན་པ།

    ■ གྲོང་ཁྱེར་གསར་སྒྱུར་ཡུལ་བབ་དང་བསྟུན་དགོས་པ་མ་ཟད་ད་དུང་སྡེ་ཁུལ་འཛུགས་སྐྲུན་དང་ཡང་ཟུང་འབྲེལ་བྱས་ནས་མཐའ་དག་དམངས་ཕན་དམངས་བདེ་ཡོང་བར་དམིགས་དགོས་པ་དང་། ལྷག་པར་དུ“རྒན་གཅིག་གཞོན་གཅིག”ལ་གཅེས་སྐྱོང་དང་ཐུགས་ཁུར་དེ་བས་ལེགས་པར་བྱེད་དགོས།

    ■ དཔྱིད་གསར་དུས་ཆེན་ཡག་པོ་ཞིག་གཏོང་བ་ནི་ལོ་གསར་པའི་འགོ་ཡག་པོ་བཙུགས་པ་མཚོན་གྱི་ཡོད། ཁྱིམ་ཚང་ཚང་མའི་འཚོ་བ་བདེ་སྐྱིད་དང་། རྒན་གཞོན་ཚང་མ་དགའ་དགའ་སྤྲོ་སྤྲོ་ཡོང་བ་ནི་མི་ཡུལ་གྱི་ལོངས་སྤྱོད་རེད། ང་ཚོས་མཉམ་དུ་འབད་འཐབ་བྱས་ནས་ལོངས་སྤྱོད་འདི་ལྟ་བུ་སྔར་བས་གྲ་རྒྱས་ཡོང་བར་བྱེད་དགོས།

    ■ བཟོ་སྐྲུན་ལས་རིགས་ཀྱིས་རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཐོན་རྫས་ཀྱི་ཚན་རྩལ་འདུས་ཚད་དང་ཟུར་སྣོན་རིན་ཐང་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། ཨན་ཧྲན་ལྕགས་དང་ངར་ལྕགས་ཚོགས་པ་ལྟ་བུའི་གཞུང་ཁོངས་ཁེ་ལས་ཆེ་གྲས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ལེགས་སྐྱེས་མང་ཙམ་འབུལ་དགོས།

    ཤིན་ཧྭ་གསར་འགྱུར་ཁང་ཧྲེན་དབྱང་ནས་ཟླ་1ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གྲང་ངར་ལ་མ་འཛེམས་པར་ལེའོ་ཉིང་དུ་ཕེབས་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་ཞིང་། ཁོང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། སྤུན་ཟླ་ཤང་ཀང་བ། སྤུན་ཟླ་ཨའོ་མོན་བ། སྤུན་ཟླ་ཐའེ་དབན་བ། ཕྱིར་སྡོད་རང་མི་བཅས་ལ་ལོ་གསར་གྱི་འཚམས་འདྲི་ཞུས་པ་དང་འབྲེལ། རྒྱལ་ཁབ་ཕྱི་ནང་དུ་ཡོད་པའི་ཀྲུང་ཧྭའི་བུ་ཕྲུག་རྣམས་སྐུ་གཟུགས་གསལ་ཐང་དང་། བྱ་བ་ལམ་ལྷོངས། ཁྱིམ་ཚང་བདེ་སྐྱིད། སྦྲུལ་ལོར་བཀྲ་ཤིས་བདེ་ལེགས་བཅས་ཡོང་བའི་སྨོན་འདུན་ཞུས་པ་དང་རླབས་ཆེན་མེས་རྒྱལ་གྱི་རྒྱལ་ཁམས་བདེ་ཞིང་དམངས་རྣམས་བདེ་ལ་འཁོད་པ་དང་། ལོ་ཕྱུགས་རྟག་ཏུ་ལེགས་པ། དར་རྒྱས་གོང་འཕེལ་བཅས་ཡོང་བའི་སྨོན་འདུན་ཞུས་པ་རེད།

    ཟླ་1ཚེས་22ནས་24ཉིན་བར། ལེའོ་ཉིང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧའོ་ཕུང་དང་ཧྲེང་ཀྲང་ལི་ལེ་ཁྲེང་གི་ཕེབས་རོགས་འོག ཞི་ཅིན་ཕིང་ཧུའུ་ལུའུ་ཏའོ་དང་། ཧྲེན་དབྱང་། པོན་ཤིས་སོགས་གྲོང་ཁྱེར་དུ་ཕེབས་ནས་གྲོང་གསེབ་དང་། ཁྲོམ་ར། སྡེ་ཁུལ། ཁེ་ལས་བཅས་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྟེ། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་སྨོན་འདུན་བཟང་པོ་མཚོན་པར་གནང་བ་རེད།

    ཚེས་22ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཧུའུ་ལུའུ་ཏའོ་གྲོང་ཁྱེར་དུ་ཕེབས་འབྱོར་ཟིན་ནས་རླངས་འཁོར་ནང་ཆུ་ཚོད་གཅིག་ཙམ་བཞུགས་རྗེས་སུའེ་ཀྲུང་རྫོང་མིང་ཧྲུའེ་མན་ཇུ་རིགས་ཤང་ཀྲུའུ་ཅ་ཀོའུ་གྲོང་ཚོར་ཕེབས་ཡོད། ན་ནིང་ཟླ་8པར་འདི་གར་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཕོག་པ་དང་དགུན་ཁ་མ་སླེབས་གོང་ཡུལ་མི་དུད་ཚང་41བསྐྱར་སྐྲུན་གྱི་སྡོད་ཁང་གསར་པར་སྤོས་པ་རེད། ཞི་ཅིན་ཕིང་གིས་གྲོང་མདོ་ནས་གནོད་འཚེ་ཕོག་ཡུལ་ལ་གཟིགས་ཞིབ་གནང་སྟེ་སྐབས་དེ་དུས་བསྣུབས་པའི་སྡོད་ཁང་དང་ཡུལ་མི་གནས་སྤོས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་རྗེས་གྲོང་ཚོའི་ཏང་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས་སུ་ཕེབས་ནས་བརྙན་ལམ་དང་འགྲེམས་པང་ཟུང་འབྲེལ་གྱིས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་འཕེལ་རིམ་མཁྱེན་རྟོགས་གནང་ནས། ས་གནས་དེ་གའི་ལས་བྱེད་པར་ངེས་པར་དུ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་བཀོད་སྒྲིག་ཡག་པོ་བྱས་ནས་དགུན་ཁ་དྲོ་སོབ་སོབ་ངང་སྐྱེལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད།

    ལུགས་རྙིང་ལོའི་ལོ་ཆུང་ལོ་གསར་དང་ཏག་ཏག་འཁེལ་བས་ཁྱིམ་ཚང་ཚང་མས་དཔྱིད་གསར་གྱི་ཆ་ཡིག་སྦྱར་ཡོད། ཞི་ཅིན་ཕིང་སྔ་རྗེས་སུ་ཡུལ་མི་ཀྲུའུ་ཞི་ཚུན་དང་ཝང་པའོ་ཝུའེ་ཡི་ཁྱིམ་དུ་ཕེབས་ནས་སྡོད་ཁང་གི་སྤུས་ཚད་དང་ལོ་གསར་གྱི་མཁོ་ཆས་གྲ་སྒྲིག་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་སྲིད་གཞུང་གི་བསྐྱར་སྐྲུན་སྡོད་ཁང་གི་ཁ་གསབ་དོན་འཁྱོལ་བྱས་མིན་དང་ཡུལ་མིའི་འབབ་ཁུངས་གཙོ་བོ་གང་དག་ཡོད་མིན་མཁྱེན་རྟོགས་གནང་བ་རེད། ཝང་པའོ་ཝུའེ་ཡི་ནང་མི་ཚོ་དང་ལྷན་དུ་ཞུགས་སྐབས། ཝང་པའོ་ཝུའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅིར་ཁང་པ་དཀར་ཆ་དོད་ལ་དྲོ་པོ་འདུག་ལ་ལོ་གསར་གྱི་མཁོ་ཆས་ཚང་མ་གྲ་སྒྲིག་ཟིན་པས། གྲོང་ཚོ་ཡོངས་ཀྱིས་ཏང་དང་སྤྱི་ཁྱབ་ཧྲུའུ་ཅིར་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ་གི་ཡིན་ཞེས་ཞུས་པ་རེད། ཞི་ཅིན་ཕིང་གིས་ཁོང་ལ་ད་དུང་རེ་བ་ག་རེ་ཡོད་དམ་ཞེས་བཀའ་འདྲི་གནང་སྐབས། ཁོང་གིས་རང་ཉིད་ཀྱི་རེ་བ་ནི་འཚོ་བ་སྔར་ལས་ལེགས་པ་ཞིག་སྐྱེལ་རྒྱུ་དེ་ཡིན་ཞེས་ཞུས་པ་རེད། ཞི་ཅིན་ཕིང་གིས་དགྱེས་ཚོར་ཆེན་པོས་ཁོང་ལ་ཁྱེད་ཚོའི་རེ་བ་ནི་ང་ཚོའི་རེ་བའང་ཡིན། ཏང་དང་སྲིད་གཞུང་ནི་ནམ་ཡང་མི་དམངས་མང་ཚོགས་ཀྱི་རྒྱབ་རྟེན་ཆེ་ཤོས་དེ་རེད་ཅེས་གསུངས་པ་རེད།

    གྲོང་ཚོ་ནས་ཞལ་གྱེས་སྐབས། ཡུལ་མི་ཚོས་འཚང་ཁ་ཤིག་ཤིག་ངང་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་ཤིང་། ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྒྲས་གྲོང་ཚོ་ཆུང་ཆུང་དེ་ཡང་འཁྲུག་ཆ་དོད་པོར་གྱུར། ཞི་ཅིན་ཕིང་གིས་ཡུལ་མི་ཚོར། ན་ནིང་ཚུན། ཁྱེད་ཚོའི་གྲོང་ཚོ་ཚུད་པའི་རང་རྒྱལ་གྱི་ས་གནས་ཁ་ཤས་ལ་རང་བྱུང་གི་གནོད་འཚེ་ཕོག་ཡོད། ཡིན་ན་ཡང་རང་རེའི་ཏང་གིས་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་བྱས་ཏེ་གེགས་འགོག་གེགས་སེལ་ལ་རྒྱལ་ཁ་ཆེན་པོ་བླངས་ཡོད། དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་འདིར། ངས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་གནོད་འཚེ་ཕོག་པའི་མང་ཚོགས་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་ལས་བྱེད་པ་དང་མང་ཚོགས་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུ་གི་ཡིན་ཞེས་གསུངས་པ་རེད།

    ཧྲེན་དབྱང་ཏ་ཏུང་ཞོར་ཟས་ཁྲོམ་རར་ལོ་རྒྱུས་ཡུན་རིང་ལྡན་ཞིང་། དེ་གར་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་ལོ་གསར་གྱི་མཁོ་ཆས་མང་པོ་འཚོང་རྒྱུ་ཡོད། ཚེས་23ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་དེ་གར་ཕེབས་ནས་ཚོང་ཁང་མང་པོར་གཟིགས་ཞིབ་གནང་བ་དང་སྦྲགས། ཚོང་པ་དང་ཉོ་མཁན་ཚོ་དང་སྤེལ་རེས་ཡང་གནང་ནས་དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་མཐོང་བས་སེམས་འགུལ་ཆེན་པོ་ཐེབས་ནས“སྤྱི་ཁྱབ་ཧྲུའུ་ཅི་ལགས། སྐུ་ཁམས་བཟང”ཞེས་དགའ་འབོད་ཡང་ཡང་བྱས། ཞི་ཅིན་ཕིང་གིས་ཚང་མར་ཤ་ཚལ་སྒོང་གསུམ་དང་། འབྲས་དང་གྲོ་ཞིབ། ཤིང་ཏོག་བཅས་ནི་དམངས་འཚོའི་དོན་ཆེན་ཞིག་རེད། ད་ཆ་དངོས་ཟོག་ཧ་ཅང་འབེལ་པོ་ཡོད་པས། ནང་མི་ལྷན་འཛོམས་ཀྱི་ལོ་གསར་ལ་ཚང་མས་སྤུས་ལེགས་དང་དེ་བས་བདེ་ཐང་གི་བཟའ་བཏུང་ལོངས་སུ་སྤྱོད་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད།

    དེ་རྗེས། ཞི་ཅིན་ཕིང་གཅིག་སྡུད་སྒྱུར་བཀོད་བྱས་པའི་ཏ་ཏུང་ཆུས་ཁྲང་ཨན་ཁྲོམ་གཞུང་ཁྲང་ཨན་ཁུལ་ཆུང་གི་མི་རབས་བཞི་མཉམ་སྡོད་ཀྱི་ལང་སུའུ་ལན་གྱི་ཁྱིམ་དུ་ཕེབས་ཤིང་། ཁུལ་ཆུང་སྒྱུར་བཀོད་བྱས་རྗེས་འཚོ་སྡོད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་ཕྱོགས་ཁག་གི་ཞབས་ཞུ་འགན་ལེན་ཡག་པོ་བྱུང་བ་མཁྱེན་རྗེས་ཞི་ཅིན་ཕིང་གིས་ཁས་ལེན་གནང་བ་རེད། ཁོང་གིས་གྲོང་ཁྱེར་གསར་སྒྱུར་ཡུལ་བབ་དང་བསྟུན་དགོས་པ་མ་ཟད། ད་དུང་སྡེ་ཁུལ་འཛུགས་སྐྲུན་དང་ཡང་ཟུང་འབྲེལ་བྱས་ནས་མཐའ་དག་དམངས་ཕན་དམངས་བདེ་ཡོང་བར་དམིགས་དགོས་པ་དང་། ལྷག་པར་དུ“རྒན་གཅིག་གཞོན་གཅིག”ལ་གཅེས་སྐྱོང་དང་ཐུགས་ཁུར་དེ་བས་ལེགས་པར་བྱེད་དགོས་ཞེས་གསུངས་པ་རེད།

    སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས་སུ། སྡེ་ཁུལ་དེའི་གྲོང་མི་ལ་ལ་དཔྱིད་གསར་གྱི་ཆ་ཡིག་འབྲི་བཞིན་ཡོད་པ་དང་། བྱིས་པ་ཚོས་ཀྲུང་གོའི་ལྷས་མདུད་རྒྱག་བཞིན་ཡོད་པ་རེད། ཞི་ཅིན་ཕིང་ཁོང་ཚོའི་ཁྲོད་དུ་ཕེབས་ནས་ཁོང་ཚོའི་བརྩམས་ཆོས་ལ་བསྔགས་བརྗོད་གནང་བ་དང་སྦྲགས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་དེ་བས་ཡག་པོ་གཏོང་དགོས་པའི་ལྕག་སྐུལ་ཡང་གནང་བ་རེད། ཞི་ཅིན་ཕིང་གིས་ད་དུང་དགྱེས་ཚོར་ཆེན་པོས་སྡེ་ཁུལ་དེའི་རྒན་ཡོལ་ཞུས་པའི་རྒན་རྒོན་ཚོས་འཁྲབ་སྟོན་བྱས་པའི་གླིང་བུ་མཉམ་དཀྲོལ་རོལ་དབྱངས་ཀྱང་གསན་ཞིང་། ཁོང་གིས་ཐུགས་བརྩེ་ཟབ་མོས་དཔྱིད་གསར་དུས་ཆེན་ཡག་པོ་ཞིག་གཏོང་བ་ནི་ལོ་གསར་པའི་འགོ་ཡག་པོ་བཙུགས་པ་མཚོན་གྱི་ཡོད། ཁྱིམ་ཚང་ཚང་མའི་འཚོ་བ་བདེ་སྐྱིད་དང་། རྒན་གཞོན་ཚང་མ་དགའ་དགའ་སྤྲོ་སྤྲོ་ཡོང་བ་ནི་མི་ཡུལ་གྱི་ལོངས་སྤྱོད་རེད། ང་ཚོས་མཉམ་དུ་འབད་འཐབ་བྱས་ནས་ལོངས་སྤྱོད་འདི་ལྟ་བུ་སྔར་བས་གྲ་རྒྱས་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད།

    ཁུལ་ཆུང་དེའི་རིག་གནས་ཐང་ཆེན་དུ། གྲོང་མི་ཚོས་དགའ་སྤྲོའི་ཞབས་བྲོ་དབྱང་ཀོ་འཁྲབ་བཞིན་ཡོད་ཅིང་། ཞི་ཅིན་ཕིང་གིས་ཕྱག་གཡུག་གཡུག་གནང་ནས་ཚང་མར་ལོ་གསར་གྱི་འཚམས་འདྲི་ཞུས་པ་རེད།

    ཚེས་23ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་པོན་ཤིས་སུ་ཕེབས་ནས་ཨན་ཧྲན་ལྕགས་དང་ངར་ལྕགས་ཚོགས་པའི་ཁོངས་གཏོགས་ལྕགས་ལེབ་རྒྱུ་ཆ་གྲང་བཟོ་སྤྱི་ཁྱབ་བཟོ་གྲྭའི་གྲང་བཟོའི་བཟོ་གྲྭ་གསུམ་པར་རྟོག་ཞིབ་གནང་ཞིང་། ཁོང་གིས་ཁེ་ལས་དེའི་གཅིག་སྡུད་ཚོད་འཛིན་ལྟེ་གནས་སུ་གཅིག་སྡུད་ཚོད་འཛིན་གྱི་རིག་ནུས་མ་ལག་འཁོར་སྐྱོད་ལ་གཟིགས་ཞིབ་གནང་བ་དང་། འཁོར་ཁང་དུ་གྲང་བཟོའི་ལས་རིམ་དང་། ལག་རྩལ་གསར་གཏོད། ཐོན་རྫས་ཀྱི་ནུས་པ་བཅས་མཁྱེན་རྟོགས་གནང་བ་མ་ཟད། ད་དུང་ངལ་རྩོལ་དཔེ་བཟང་བ་དང་། གཞོན་ནུ་ལག་རྩལ་རྐང་འཛིན་པ། འཐབ་ས་དང་པོའི་ལས་བཟོའི་འཐུས་མི་བཅས་ལ་བྱམས་བརྩེའི་ངང་གཟིགས་པ་རེད། ཁོང་གིས། བཟོ་སྐྲུན་ལས་རིགས་ཀྱིས་རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཐོན་རྫས་ཀྱི་ཚན་རྩལ་འདུས་ཚད་དང་ཟུར་སྣོན་རིན་ཐང་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། ཨན་ཧྲན་ལྕགས་དང་ངར་ལྕགས་ཚོགས་པ་ལྟ་བུའི་གཞུང་ཁོངས་ཁེ་ལས་ཆེ་གྲས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ལེགས་སྐྱེས་མང་ཙམ་འབུལ་དགོས་ཞེས་གསུངས་པ་རེད།

    ཚེས་24ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ལེའོ་ཉིང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་ནས་ལེའོ་ཉིང་གི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་མ་ཟད། ལེའོ་ཉིང་གིས་དུས་རབས་གསར་པའི་བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཚད་བརྒལ་ཡོང་རྒྱུ་སྔོན་ལ་བརྩོན་ལེན་བྱེད་ཕོད་པ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའོ་ཉིང་གི་ལེའུ་གསར་པ་ཧུར་ཐག་རྩོམ་རྒྱུའི་ཐུགས་རེ་ཡང་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ལེའོ་ཉིང་གི་བཟོ་ལས་མ་ལག་ཆ་ཚང་ཙམ་ཡོད་པས་སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བར་སྤྱི་འདོམས་བྱས་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་སྐྲུན་དགོས། སྲོལ་རྒྱུན་ཐོན་ལས་ཀྱིས་ཐོན་ལས་ཀྱི་རྨང་གཞི་བསྐྱར་སྐྲུན་དང་ལག་རྩལ་སྒྲིག་ཆས་གལ་ཆེན་འགག་སྒྲོལ་ཤུགས་ཆེར་བཏང་ནས་ལྟེ་བའི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་དགོས་ན་གཙོ་བོ་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་དགོས། འཕེལ་རྒྱས་ཀྱི་ལས་འགན་ཇི་ཙམ་ལྕི་ན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་དེ་ཙམ་གྱིས་མཐོང་ཆེན་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་མཐར་གཏུགས་ནས་བརྗོད་ན་སྒྱུར་བཅོས་སྒོ་དབྱེར་བརྟེན་དགོས། སྒྱུར་བཅོས་ལ་དམ་འཛིན་བྱེད་པར་གནད་དོན་ལ་སྔར་བས་དམིགས་པ་དང་། གཙོ་གནད་མངོན་གསལ་དོད་དུ་གཏོང་བ། དཀའ་གནད་སེལ་བ་བཅས་བྱས་ཏེ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་དང་། ཚོང་གཉེར་ཁོར་ཡུག་ལེགས་གཏོང་།“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་དང་དོན་འཁྱོལ། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་ཐད་འབད་བརྩོན་མང་ཙམ་བྱེད་དགོས། ད་ལྟ་ང་ཚོའི་རྒྱལ་ཁབ་ཀྱི་སྒོ་མོ་ཡངས་པོར་ཕྱེ་ཡོད་པས་རིམ་ཁག་ལས་བྱེད་པས་སྒོ་དབྱེའི་ཆ་རྐྱེན་འོག་གནད་དོན་ལ་བསམ་གཞིག་བྱེད་པ་དང་། ཐབས་ཇུས་འདོན་པ། ལས་དོན་ལ་དམ་འཛིན་བྱེད་པ་བཅས་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། ལེའོ་ཉིང་གི་ཞིང་ལས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་འཕེལ་རྒྱས་ཀྱི་རྨང་གཞི་ཅུང་ལེགས་པས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་མཐའ་འཁྱོངས་དང་རྫོང་གྲོང་གཞི་རྟེན་གལ་ཆེན་དུ་བྱས་པའི་གྲོང་ཁྱེར་གྲོང་རྡལ་དཔེ་གསར་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རྫོང་དང་གྲོང་གསེབ་ཀྱི་སྤྱི་པའི་ཐོན་ཁུངས་བཀོད་སྒྲིག་དང་ཐོན་ལས་འཁོར་འབྲེལ་གྱི་བཀོད་པ་ལེགས་སུ་བཏང་སྟེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། “ཁྲི་སྟོང་འདུ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱེད་སྐབས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཞིབ་ཕྲ་དང་དངོས་ཡོད་ཅན་ལ་དམ་འཛིན་གྱིས་སྙིང་རུས་གཏན་འཁྱོངས་བྱེད་དགོས། འགན་འཁྲི་ཁ་གསལ་བཟོ་བ་དང་། མགོ་མཇུག་ཚང་མ་ཡོད་པ། མི་དོན་གཉིས་ཀྱི་སྒོ་ནས་གཞི་རིམ་བཅོས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིག་གནས་ཀྱི་རང་རྟོན་རང་དར་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་རིམ་ཁག་ཚང་མས་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་དགོས། རིག་གནས་ཀྱི་གསར་གཏོད་ནུས་པ་ཆེ་རུ་གཏོང་བ་དང་། བརྩམས་ཆོས་སྤུས་ལེགས་དེ་བས་མང་བ་འདོན་པ། རིག་གནས་ཀྱི་དམངས་ཕན་འདུ་འགོད་ལག་བསྟར་གཏིང་ཟབ་བཅས་བྱེད་དགོས། ཤེས་ཡོན་ཅན་ལ་བརྟེན་ནས་མི་སེམས་གཅིག་སྒྲིལ་དང་། དམངས་སེམས་དྲོ་བ། ཡིད་ཆེས་ཆེར་གཏོང་བཅས་སྔར་བས་བྱས་ཏེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྒྱུར་བཅོས་གསར་གཏོད་དང་དར་རྒྱས་འཕེལ་རྒྱས་ཀྱི་སྤྲོ་སེམས་དང་ངར་ཤུགས་འཕེལ་བར་བྱེད་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། ངེས་པར་དུ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་དགོས། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པར་ཤུགས་སྣོན་རྒྱག་པ་དང་། སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཁོར་ཡུག་སྐྲུན་པ་དང་རྒྱུན་འཁྱོངས་བྱེད་པ། ཏང་ཡོན་ལས་བྱེད་པར་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་བཅས་ཀྱི་སློབ་གསོ་དང་ཁྲིད་སྟོན་བྱེད་པ་བཅས་ལ་དུས་དང་རྣམ་པ་ཀུན་ཏུ་ངེས་པར་དུ་དམ་འཛིན་ཡག་པོ་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་དེའི་ལག་བསྟར་ཞིབ་སྲོལ་ལག་བསྟར་གཏིང་ཟབ་བྱས་ཏེ། རིམ་ཁག་ལས་བྱེད་པས་དམ་པ་དོན་གཉེར་དང་སྤྱོད་གཙང་རང་གཅུན་ཡོང་བར་སྐུལ་འདེད་གཏོང་དགོས།

    མཇུག་ཏུ་ཞི་ཅིན་ཕིང་གིས། དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་སེམས་ཁུར་བྱེད་པ་དང་། དཔྱིད་གསར་སྐྱེལ་འདྲེན་བཀོད་གཏོང་བྱེད་པ། ཁྲོམ་རའི་མཁོ་སྤྲོད་འགན་ལེན་བྱེད་པ། རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ། བདེ་འཇགས་ཐོན་སྐྱེད་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་མང་ཚོགས་སྤྲོ་སྣང་ལྡན་པ་དང་བདེ་འཇགས་འཆམ་མཐུན་ངང་དུས་ཆེན་ལ་རོལ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།