དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་དྲུག་གིས་ལག་བསྟར་ཇུས་གཞི་མཉམ་དུ་བཀྲམ་པ།

    དུས་ཡུན་རིང་འབྲིང་གི་མ་དངུལ་ཁྲོམ་རར་འཇོག་པར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-01-25

    ཉེ་ཆར་ཀྲུང་དབྱང་དངུལ་རྩ་ཨུ་ཡོན་ལྷན་ཁང་གི་གྲོས་ཞིབ་དང་མོས་མཐུན་ཐོབ་པ་བརྒྱུད། ཀྲུང་དབྱང་དངུལ་རྩ་གཞུང་དོན་ཁང་དང་། ཀྲུང་གོ་དངུལ་འཛིན་ལྟ་འདོམས་ཁང་། ནོར་སྲིད་པུའུ། མི་སྤྱི་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་། དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་བཅས་ཀྱིས《དུས་ཡུན་རིང་འབྲིང་གི་མ་དངུལ་ཁྲོམ་རར་འཇོག་པའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཇུས་གཞི》མཉམ་དུ་བཀྲམ་པ་རེད།

    ཇུས་གཞིའི་ནང་བྱེད་ཐབས་ཁག་5ཚུད་པ་སྟེ། ཚོང་ལས་འགན་བཅོལ་མ་དངུལ་གྱི་རྐང་དངུལ་Aཡི་མ་འཇོག་བསྡུར་ཚད་དང་བརྟན་པོའི་རང་བཞིན་མཐོ་རུ་གཏོང་བ་དང་། རྒྱལ་ཡོངས་ཀྱི་སྤྱི་ཚོགས་འགན་སྲུང་གི་ཐེབས་རྩ་དང་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་ཐེབས་རྩའི་མ་འཇོག་དོ་དམ་ལམ་སྲོལ་ལེགས་སྒྲིག ཁེ་ལས(ལས་རིགས)ཀྱི་ལོ་ཕོགས་ཀྱི་ཐེབས་རྩ་ཁྲོམ་ར་ཅན་གྱི་མ་འཇོག་འཁོར་རྒྱུག་ཆུ་ཚད་མཐོ་རུ་གཏོང་བ། ཁེ་དབང་རིགས་ཀྱི་ཐེབས་རྩའི་གཞི་ཁྱོན་ཆེ་རུ་དང་བཟུང་ཚད་མཐོ་རུ་གཏོང་བ། མ་རྩའི་ཁྲོམ་རའི་མ་འཇོག་ཁོར་ཡུག་ལེགས་སུ་གཏོང་བ་བཅས་རེད།

    ཇུས་གཞིའི་ནང་། དམིགས་ཚད་སྟོན་ཕྱོགས་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་དང་ལས་དོན་གྱི་མཉམ་ཤུགས་ཤིག་ཆགས་པ། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དེ་བས་དམིགས་པ། ཚོང་ལས་ཀྱི་འགན་བཅོལ་མ་དངུལ་དང་། རྒྱལ་ཡོངས་ཀྱི་སྤྱི་ཚོགས་འགན་སྲུང་ཐེབས་རྩ། གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་ཐེབས་རྩ། ཁེ་ལས(ལས་རིགས)ཀྱི་ལོ་ཕོགས་ཀྱི་ཐེབས་རྩ། སྤྱི་སློངས་ཐེབས་རྩ་སོགས་དུས་ཡུན་རིང་འབྲིང་གི་མ་དངུལ་ཁྲོམ་རར་འཇོག་ཤུགས་སྔར་བས་ཆེ་རུ་གཏོང་བར་གཙོ་གནད་ཐོག་ཁྲིད་སྟོན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།