དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་བརྗོད་དོན།

    ཀྲུང་གོས་འཛམ་གླིང་དཔལ་འབྱོར་ལ་གསོན་ཤུགས་གསར་པ་དེ་བས་མང་བ་སྦྱིན་རྒྱུ་ཡིན།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-01-25

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་20ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྒོ་དབྱེར་དམིགས་ནས། དཔལ་འབྱོར་རྒྱུན་མཐུད་ལེགས་སུ་འགྲོ་བའི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་འཛམ་གླིང་གི་དཔལ་འབྱོར་ལ་གསོན་ཤུགས་གསར་པ་དེ་བས་མང་བ་སྦྱིན་རྒྱུ་ཡིན་ཞེས་བརྗོད་པ་རེད།

    ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་བཅར་འདྲི་བྱས་ནས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས(IMF)ཀྱི་དབུ་བཞུགས་དཔལ་འབྱོར་རིག་པ་མཁས་ཅན་ཀུའུ་ལན་ཧྲ་ཡིས་ཀྲུང་གོས་2024ལོར་དཔལ་འབྱོར་5.0%འཕར་བའི་བརྡ་ཁྱབ་བཏང་བ་དེ་IMFཡི་སྔོན་དཔག་ལས་བརྒལ་ཡོད་པས། གསོན་ཤུགས་གསར་པ་ཞིག་རེད། IMFཡིས་ད་དུང་2025ལོ་དང་2026ལོའི་ཀྲུང་གོའི་དཔལ་འབྱོར་འཕར་རྒྱུའི་སྔོན་དཔག་་དེ་བས་མཐོ་རུ་བཏང་ཡོད་ཅེས་བརྗོད་པར། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

    མའོ་ཉིང་གིས། 2024ལོར་ཀྲུང་གོའི་དཔལ་འབྱོར་འཕར་བའི་དམིགས་ཚད་མངོན་འགྱུར་བདེ་བླག་བྱུང་བ་དང་། དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་130ལས་ཐོག་མར་བརྒལ་ནས་འཕར་ཚད་དེ་འབྲིང་རིམ་རྒྱལ་ཁབ་གཅིག་གི་ལོ་གཅིག་གི་དཔལ་འབྱོར་དངོས་ཚན་གྱི་གྲངས་འབོར་དང་མཚུངས་ཡོད། དེ་ནི་ཀྲུང་གོའི་དཔལ་འབྱོར་གྱི་མཉེན་གཤིས་དང་མི་མངོན་པའི་སྟོབས་ཤུགས་མངོན་པ་ཞིག་ཡིན་ལ། ཀྲུང་གོའི་དཔལ་འབྱོར་གྱིས་འཛམ་གླིང་ལ་སྦྱིན་པའི་ཡིད་ཆེས་ཀྱང་ཡིན་ཞེས་བརྗོད་པ་རེད།

    “ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྒོ་དབྱེར་དམིགས་ནས་དཔལ་འབྱོར་རྒྱུན་མཐུད་ལེགས་སུ་འགྲོ་བའི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱས་ནས་འཛམ་གླིང་གི་དཔལ་འབྱོར་ལ་གསོན་ཤུགས་གསར་པ་དེ་བས་མང་བ་སྦྱིན་རྒྱུ་ཡིན་ཞེས་མའོ་ཉིང་གིས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།