དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཅང་ཤིས་ནན་ཁྲང་རྒྱལ་སྤྱིའི་སྐམ་སའི་གྲུ་ཁར་དཔྱིད་གསར་སྐྱེལ་འདྲེན་ལ་བྲེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-01-25

    དཔྱིད་གསར་དུས་ཆེན་འཆར་ཉེའི་སྐབས་སུ་ནན་ཁྲང་རྫོང་གི་ཟོག་འགྲེམས་ཁེ་ལས་ཁག་གིས་དངོས་ཟོག་སྐྱེལ་འདྲེན་བྱེད་མང་ཤོས་སུ་སླེབས་པ་དང་། དམངས་འཚོའི་རིགས་ཀྱི་དངོས་ཟོག་མཁོ་སྤྲོད་དང་ཕྱིར་ཚོང་གཉིས་ཀའི་ལས་ལ་བྲེལ་ཞིང་། ས་གནས་དེ་གའི་ལྕགས་ལམ་འགག་སྒོ་དང་གྲུ་ཁས་སྟོབས་ཤུགས་གང་ལེགས་སྤྱད་དེ་ཟོག་འདྲེན་དུས་གཏན་མེ་འཁོར་དང་མཚོ་ཐོག་སྐྱེལ་འདྲེན་གྲུ་གཟིངས་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ། གཙོ་གནད་རླངས་འཁོར་དང་གྲུ་གཟིངས་འཁོར་རྒྱུག་གི་སྐྱེལ་འདྲེན་འཆར་གཞི་ལག་བསྟར་བྱེད་པ་སོགས་ལྟེ་བའི་ལྷུ་ཚིགས་རྗེས་འདེད་བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་ནས་སྐྱེལ་འདྲེན་གྱི་གཞི་ཁྱོན་དང་། སྐྱེལ་འདྲེན་གྱི་ནུས་ཕྱོད། ཞབས་ཞུའི་སྤུས་ཚད་བཅས་མུ་མཐུད་མཐོ་རུ་བཏང་སྟེ་དུས་ཆེན་རིང་གི་ཁྲོམ་རའི་དངོས་ཟོག་དང་ཚོང་ཟོག་སྣ་ཁ་འཛོམས་པ་དང་རིན་གོང་བརྟན་པོ་ཡོང་བའི་འགན་ལེན་བྱས་ཡོད། འདི་ནི་ཉེ་ཆར། ཅང་ཤིས་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་ནན་ཁྲང་རྫོང་ཞང་ཐང་གྲོང་རྡལ་དུ་གནས་པའི་ནན་ཁྲང་རྒྱལ་སྤྱིའི་སྐམ་སའི་གྲུ་ཁར་རླངས་འཁོར་དང་། ཁྱིམ་སྤྱོད་གློག་ཆས། གྱོན་ཆས་སོགས་བླུགས་པའི་དོས་སྒམ་འདོན་འཇུག་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།