དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱིས་ཀྲུང་གོའི་ཁེ་ལས་མཁས་ཅན་གྱི་འཐུས་མི་ཚོགས་པ་སྒྲིག་འཛུགས་བྱས་ནས་ཐེ་ལན་དུ་འཚམས་འདྲི་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-01-25

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པང་ཁོག་ནས་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་19ནས་ཚེས་21ཉིན་བར། ཀྲུང་གོའི་ཁེ་ལས་མཁས་ཅན་གྱི་འཐུས་མི་ཚོགས་པ་ཐེ་ལན་དུ་འཚམས་འདྲིར་བསྐྱོད་ནས་རྒྱལ་ཁབ་གཉིས་པོའི་བཟོ་ཚོང་ལས་རིགས་ཀྱིས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཧུར་ཐག་བྱ་རྒྱུར་སྐུལ་འདེད་བཏང་སྟེ། 2025ལོར་ཀྲུང་ཐེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བ་དང“ཀྲུང་ཐེའི་མཛའ་གྲོགས་ཀྱི་གསེར་མདོག་ཅན་གྱི་ལོ་50”ཞེས་པ་གོ་སྐབས་སུ་བྱས་ནས་འབྲེལ་གཏུག་དང་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་པ་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་བཏང་ཡོད།

    འཚམས་འདྲི་བྱེད་རིང་། ཀྲུང་གོའི་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རེན་ཧུང་པིན་གྱིས་ཚོགས་པའི་སྣེ་ཁྲིད་དེ་ཐེ་ལན་གྱི་ཆབ་སྲིད་དང་ཚོང་དོན་ལས་རིགས་མི་སྣ་དང་སྤེལ་རེས་རྒྱ་ཁྱབ་བྱས་པ་མ་ཟད། ཀྲུང་ཐེ་དཔལ་འབྱོར་ཚོང་དོན་མཉམ་ལས་གླེང་སྟེགས་དང་ཀྲུང་གོའི་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་འབྲེལ་སྐུལ་སྤེལ་དངོས་མང་སྟོན་ཚོགས་སྐབས་གསུམ་པའི་འོས་སྦྱོར་ཚོགས་འདུ་དང་ཀྲུང་ཐེའི་ཁེ་ལས་མཁས་ཅན་གྱི་གྲལ་སྒོར་ཚོགས་འདུར་ཞུགས་ནས་ཤིས་ཚིག་བརྗོད་ཅིང་། ཁོང་གིས་ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱེད་པའི་འབྲེལ་ཡོད་གནས་ཚུལ་གཙོ་གནད་དུ་བཟུང་ནས་ངོ་སྤྲོད་བྱས་པ་དང་། རྒྱལ་ཁབ་གཉིས་པོའི་བཟོ་ཚོང་ལས་རིགས་ཀྱི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། ཐེ་ལན་གྱི་བཟོ་ཚོང་ལས་རིགས་ཀྱི་འཁོར་འབྲེལ་སྐུལ་སྤེལ་དངོས་མང་སྟོན་ཚོགས་སྐབས་གསུམ་པར་ཧུར་ཐག་ཞུགས་པར་དགའ་བསུ་ཞུ་རྒྱུ་དང་། ཕྱོགས་གཉིས་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས་པའི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།