དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་གཙང་གསུམ་ཆུ་འགོ་ཁུལ་དུ་གསའི་ཁྱུ་ཚོགས་ལ་ཚོད་སྐོར་བྱས་པ།

    གསའི་ཁྱུ་ཚོགས་ཀྱི་གྲངས་འབོར་1002ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-01-25

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་དང་དེ་བཞིན་གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་མཛུབ་ཁྲིད་འོག པེ་ཅིང་སློབ་ཆེན་དང་། ཤིས་ཨན་འགྲིམ་འགྲུལ་ལི་ཝུའུ་ཕུའུ་སློབ་ཆེན། རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་སོགས་ལས་ཁུངས་ཀྱིས་གཙང་གསུམ་ཆུ་འགོའི་སྤྱི་ལེ་ངོས་གྲུ་ཁྲི་36ལྷག་ཙམ་གྱི་ཁྱབ་ཁོངས་ཀྱི་གསའི་ཁྱུ་ཚོགས་ཀྱི་གྲངས་འབོར་ལ་ཕྱོགས་ཡོངས་ནས་ཚོད་སྐོར་གཏིང་ཟབ་བྱས་ཤིང་། འབྲེལ་ཡོད་ཀྱི་ཞིབ་འཇུག་གྲུབ་འབྲས་རྒྱལ་སྤྱིའི་རིག་གཞུང་དུས་དེབ《སྐྱེ་དངོས་སྣ་མང་རང་བཞིན་དང་སྲུང་སྐྱོང》ཐོག་སྤེལ་ཡོད་པ་རེད། འདི་ནི་རང་རྒྱལ་གྱིས་ལེགས་སྒྲུབ་བྱས་པའི་གཞི་ཁྱོན་ཆེ་བའི་གསའི་ཁྱུ་ཚོགས་ལ་ཚོད་སྐོར་བྱེད་ཐེངས་དང་པོ་ཡིན་ལ། མིག་སྔར་གོ་ལ་ཧྲིལ་པོར་དངོས་སུ་སྤེལ་བའི་ཚད་གཞི་ཆེ་ཤོས་ཀྱི་གསའི་གྲངས་འབོར་གྱི་བརྟག་དཔྱད་བྱས་འབྲས་ཤིག་ཀྱང་ཡིན་པ་རེད།

    བརྟག་དཔྱད་བྱས་འབྲས་ལས་མངོན་པར་གཞིགས་ན། སྤྱི་ལེ་ངོས་གྲུ་ཁྲི་36གི་ཁྱབ་ཁོངས་སུ་གསའ་འཚོ་སྡོད་ལ་འཚམ་ས་སྤྱི་ལེ་ངོས་གྲུ་ཁྲི་11ལྷག་ཡོད་པ་དང་། འཚོ་སྡོད་ཁུལ་གྱི་གསའི་གྲངས་འབོར་1002ལྷག་ཙམ་ཟིན་ནས་ཆ་སྙོམས་སྤྱི་ལེ་ངོས་གྲུ་100རེའི་ནང་གསའ་0.9རེ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།