ཧྲན་ཤིས་ཞིང་ཆེན་གྱི“གངས་འཁྱཌ་འཛད་སྤྱོད་ནམ་དུས”ཀྱི་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུཌ་པ།
མིག་སྔར། ཧྲན་ཤིས་ཞིང་ཆེན་གྱི“གངས་འཁྱགས་འཛད་སྤྱོད་ནམ་དུས”ཀྱི་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཤིང་། ས་གནས་ཁག་གིས་ཡུལ་བབ་དང་བསྟུན་ཏེ་གངས་འཁྱགས་ལུས་སྦྱོང་དང་། གངས་འཁྱགས་ཡུལ་སྐོར། གངས་འཁྱགས་འགྲན་བསྡུར་སོགས་ཀྱི་ལས་རྣམ་མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་ཞིམ་ཟས་ཞག་སྡོད་དང་། སྤྲོ་གསེང་རོལ་རྩེད། ཟོག་ཉོ་ལྗོངས་གཟིགས་སོགས་མཉམ་དུ་འདྲེས་པའི་འཛད་སྤྱོད་འཁོར་འབྲེལ་ཞིག་གྲུབ་ནས་གངས་འཁྱགས་དཔལ་འབྱོར་འཕར་སྣོན་གྱི་སྒུལ་ཤུགས་གསར་པར་འགྱུར་བར་སྐུལ་འདེད་བཏང་ཡོད། འདི་ནི་ཟླ་1ཚེས་18ཉིན། ཧྲན་ཤིས་ཡུན་ཁྲེང་གྲོང་ཁྱེར་ཕིང་ལུའུ་རྫོང་གནའ་གྲོང་གྲོང་ཚོའི་གངས་ཤུད་ར་བར་ཡུལ་སྐོར་བས་གངས་ཤུད་གློད་བཞིན་པ།