དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀུང་སིའི་2024ལོའི་ལོ་འཁོར་གྱི་དོ་དམ་གསར་གཏོད་ཀྱི་གྲུབ་འབྲས་ལ་ཚད་བརྒལ་གསར་པ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-01-23

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་ཡིག་ཐོག་སྙན་ཞུ་ཕུལ་བའི《གློག་དྲའི་ཁེ་ལས་ཀྱི་ཁྱབ་ཆེ་སྣ་མང་གི“གློག—ཐཱན་དབྱེ་ཞིབ་འདྲ་དཔེར”གཞི་ཚུགས་པའི་ཐཱན་འབུད་དྲ་ཐོག་ལྟ་ཞིབ་ཚད་ལེན་དོ་དམ》རྣམ་གྲངས་ལ་ཀྲུང་གོ་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་། 《མཚོ་སྔོན་གྱི་གློག་ཤུགས་མ་ལག་དཔེ་སྟོན་ཁུལ་གསར་པ་འཛུགས་སྐྲུན་ལ་འདེགས་སྐྱོར་བྱེད་པའི“131”ཞིབ་འཇུག་མ་ལག་འཛུགས་སྐྱོང་དང་ལག་ལེན》རྣམ་གྲངས་ལ་རྒྱལ་ཁབ་གློག་དྲ་ཀུང་སིའི་བྱ་དགའ་ཨང་གཉིས་པ་ཐོབ་ཡོད། གྲུབ་འབྲས་ཁག་གཉིས་སོ་སོ་ནི་ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀུང་སིར་རྒྱལ་ཁབ་རིམ་པ་དང་རྒྱལ་ཁབ་གློག་དྲ་ཀུང་སིའི་རིམ་པ་ནས་ཐོབ་པའི་དོ་དམ་གསར་གཏོད་ཀྱི་བྱ་དགའ་མཐོ་ཤོས་རེད།

    2024ལོར། རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀུང་སིའི་དོ་དམ་གསར་གཏོད་ལས་དོན་ལ་བཀྲག་མདངས་འཚེར་ས་མང་བ་དང་ཕྱོགས་མང་པོར་གྲུབ་འབྲས་ཐོབ་ཅིང་། རིམ་རྩིས་བརྒྱབ་ན་ཞིང་ཆེན་རིམ་པ་དང་དེ་ཡན་གྱི་ཕུལ་བྱུང་གཟེངས་བསྟོད་ཐོབ་པའི་གྲུབ་འབྲས་ཁྱོན་113ཡོད་པ་དེ་དུས་མཚུངས་ལས་36%འཕར་བ་དང་། བྱ་དགའ་ཐོབ་པའི་སྤུས་ཚད་དང་གྲངས་འབོར་གཉིས་ཀ་ལོ་རྒྱུས་ཀྱི་གྲུབ་འབྲས་ཡག་ཤོས་རེད།

    ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་མགྱོགས་མྱུར་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བླང་བྱ་གལ་ཆེན་ལ་གཞི་ཚུགས་ནས། 2024ལོར་རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀུང་སིས་གློག་ཤུགས་མ་ལག་གསར་པ་དང་། ནུས་རྒྱུ་ཕྱོགས་སྒྱུར། གཉེར་སྐྱོང་དོ་དམ་སོགས་ཁྱད་ཆོས་ལྡན་པའི་བཀྲག་མདངས་འཚེར་སར་དམིགས་པ་དང་། གློག་ཤུགས་མཁོ་སྤྲོད་འགན་ལེན་དང་། གློག་དྲ་འཛུགས་སྐྱོང་། རྨང་གཞིའི་དོ་དམ་སོགས་ཀྱི་གཙོ་གནད་དང་དཀའ་གནད་ཟུང་འབྲེལ་བྱས་ཏེ། རྒྱང་ལྟའི་རང་བཞིན་དང་། དཔེ་སྟོན་རང་བཞིན། ཁྱབ་སྤེལ་རང་བཞིན་བཅས་ལྡན་པའི་རྣམ་གྲངས་ཀྱི་དོ་དམ་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་བས། གསར་གཏོད་རང་བཞིན་མངོན་གསལ་དོད་པ་དང་ལག་ལེན་གྱི་ཕན་འབྲས་མངོན་གསལ་དོད་པའི་དོ་དམ་གསར་གཏོད་ཀྱི་གྲུབ་འབྲས་འབོར་ཆེན་ཞིག་ཐོན་ཡོད།

    2025ལོར། རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀུས་སིས་ནུས་རྒྱུའི་ཆེད་དོན་མདུན་མར་དམིགས་ནས་དོ་དམ་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། དོ་དམ་གསར་གཏོད་རྣམ་གྲངས་ཀྱི་རྩ་འཛུགས་ཀྱི་འགན་སྲུང་དང་། གདེང་འཇོག་ལྕག་སྐུལ། གྲུབ་འབྲས་ཁྱབ་བསྒྲགས། ཁྱབ་སྤེལ་བཀོལ་སྤྱོད་བཅས་ཀྱི་ལམ་སྲོལ་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ། གོང་འོག་ལས་འགན་མཉམ་སྒྲུབ་དང་། བརྒྱུད་རིམ་དོ་དམ་ཚོད་འཛིན། ཁྱབ་སྤེལ་ཁྱབ་བསྒྲགས་བཅས་གཞི་གཅིག་ཅན་གྱི་དོ་དམ་སྒྲིག་སྲོལ་འཛུགས་པ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དོ་དམ་གསར་གཏོད་ཀྱི་གྲུབ་འབྲས་དེ་བས་མང་བ་གཏོད་པ་བཅས་བྱས་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་གློག་ཤུགས་མ་ལག་གསར་པ་གཏོད་པར་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།