《ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་གི་དྲི་བ་དྲིས་ལན》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་རྒྱུན་ཆད་མེད་པར་གཏིང་ཟབ་ཀྱི་ཕྱོགས་སུ་ཁྲིད་སྟོན་བྱ་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་སྐྱེ་ཁམས་ཁོར་ཡུག་པུའུ་ཡིས《ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་གི་དྲི་བ་དྲིས་ལན》(གཤམ་དུ《དྲི་བ་དྲིས་ལན》ཞེས་བསྡུ་རྒྱུ)སྒྲིག་འཛུགས་བྱས་ནས་རྩོམ་འབྲི་བྱས་ཤིང་། སློབ་སྦྱོང་དཔེ་སྐྲུན་ཁང་དང་མི་དམངས་དཔེ་སྐྲུན་ཁང་གིས་མཉམ་དུ་དཔེ་སྐྲུན་བྱས་ཏེ། ཚེས་21ཉིན་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱེད་འགོ་ཚུགས་པ་རེད།
《དྲི་བ་དྲིས་ལན》ནང་དུས་རབས་གསར་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལག་ལེན་འཕེལ་རྒྱས་ཀྱི་གོམ་སྟབས་ལ་དམ་པོར་དམིགས་པ་དང་། རིགས་པའི་གཞུང་ལུགས་ཀྱི་གླེང་མང་བ་དང་དཀའ་གནད་ལ་དམིགས་པ། སྤྱི་ཚོགས་ཀྱི་དོ་ཁུར་དང་སེམས་ཁུར་ལ་ལན་འདེབས་པ། དྲི་བར་ལན་འདེབས་པའི་རྣམ་པའི་ཐོག་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པའི་དོན་སྙིང་གལ་ཆེན་དང་། ཚན་རིག་གི་མ་ལག ལྟེ་བའི་དོན་སྙིང་། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ཕྱོགས་ཡོངས་དང་གཏིང་ཟབ་པའི་སྒོ་ནས་མངོན་པར་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དེ་བས་གཏིང་ཟབ་ཀྱི་སྒོ་ནས་སློབ་སྦྱོང་དང་གོ་བ་ལེན་རྒྱུར་རོགས་རམ་དང་། དེ་བས་རང་རྟོགས་ངང་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། 《དྲི་བ་དྲིས་ལན》དེ་ཁྱོན་ཆ་ཤས་10དང་དྲི་བ་50ལ་ཕྱེ་ཡོད། དེའི་ནང་དོན་ཕུན་སུམ་ཚོགས་པ་དང་། རྣམ་པ་གསར་རྐྱང་། ཡིག་རིས་གཉིས་ལྡན་ཡིན་པ་མ་ཟད། གོ་བདེ་ཞིང་ཤེས་སླ་བས་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་རམ་འདེགས་ཀྱི་དཔེ་དེབ་གལ་ཆེན་ཞིག་རེད།